R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༦༢༣
[A:༦༢༣]པ་པར་དུ་བརྐོས། ཆོས་རྗེ་ཚེ་རིང་དྲུང་གིས་ཇོ་མཇལ་ལ་བྱོན་པའི་ཚེ་ཡང་རིན་སྤུངས་ཞབས་དྲུང་ནས་ཁྱེད་རྗེ་རིན་པོ་ཆེ་ཀླུ་སྒྲུབ་པའི་ཞལ་སློབ་མཐིལ་མར་འདུག །སྟོང་ཡེ་ཚོར་མི་ཉམས་མེད་ཚོ་རྗེ་རིན་པོ་ཆེ་ཀླུ་སྒྲུབ་བ་ལས་འབྲུག་ནས་སྤྲུལ་སྐུ་རིན་པོ་ཆེ་མཁས་ཟེར་བ་ཡོད་འདུག་སྟེ། སྤྲུལ་སྐུ་རིན་པོ་ཆེའི་གསུང་གིས་རྗེ་རིན་པོ་ཆེ་ཀླུ་སྒྲུབ་པའི་གསུང་གི་ཕྱོགས་སུ་ཡང་མི་སླེབ་གསུང་བ་དང༌། ད་སྔ་ཞུ་ཤོག་རིམ་པས་ཕུལ་ཀྱང་ཕེབས་པ་ཞིག་མ་བྱུང༌། དེ་ཕྱོགས་ཀྱང་འགྲོ་དོན་ཆེ་བར་ཡོད་འདུག་ཀྱང༌། དེ་བས་ཀྱང་འདི་ཕྱོགས་ཆེ་བ་ཞིག་ཡོང་པས་བྱོན་གསུང་པ་ནན་ཆེན་ཕེབས་ཀྱང༌། ན་ཚོད་སྟབས་ཀྱིས་འགྲོ་འདུག་མངས་པ་མི་དགའ་བ་འདུག་པས་དགོངས་གྲོལ་ཞུ་ཟེར་བ་བྱས། ཡང་ཞ་ལུ་སྐུ་ཞང་དྲུང་གིས་འཇམ་དཀར་གྱི་རྗེས་གནང་ཞིག་ཞུ་གསུངས་ནས་ཆོས་ཉན་པ་རྣམས་ལ་འཇམ་དཀར་གྱི་རྗེས་གནང་ལེགས་པར་བྱས། ལུགས་གཉིས་ལྡན་གྱིས་གཞུ་ཤིང་སྡོང་པོ་ལ། །ཚུལ་རྣམ་དཔྱོད་ཀྱི་ཤེས་རབ་མཆོག་ཏུ་གཅེས། །སྐྱེས་སྦྱང་དང་ཡི་དམ་ལྷའི་སྦྱིན་པའི། །དོན་འཇིག་མེད་ཀྱིས་སྤོབས་པ་ཐོབ་པར་ཤོག །དེ་ལྟར་རང་ཉིད་ཆུ་མོ་ལུག་ལ་བཙས་ནས་དོན་གཉིས་པ་ཤིང་ཕོ་རྟ་ལོ་ཡན་གྱི་ཇི་ལྟར་བགྱིས་པའི་ལོ་རྒྱུས་རྣམས་ཡི་གེར་བཀོད་པ་ལ་དགོས་པ་ཆེར་མི་འདུག་ཀྱང༌། རང་ལ་དད་ལྡན་གྱི་སྦྱིན་བདག་ཆེན་པོ་འདར་ནས་ས་སྐྱོང་མིའི་དབང་པོ་ཆོས་སྐྱོང་ལྷུན་གྲུབ་ཞལ་ངོ་ཡབ་ཡུམ་རྩེ་འཛོམ་གྱིས། འདར་རྣམ་རྒྱལ་སྟག་རྩེའི་གཟིམས་ཆུང་ལམ་ཟབ་ཕུག་ཏུ་རྐང་འཐུང་རྩེ་མོའི་བཏུང་བ་གྱ་ནོམ་པ་འབུལ་རྟེན་དང་བཅས་པ་མཛད། སྔར་ཁྱེད་