R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A):
[A:༣]བརྙན་ལས། །འཇམ་པའི་རྡོ་རྗེར་མཚན་གསོལ་ལྷག་པའི་ལྷ། །མགོན་ཁྱོད་སྙིང་དབུས་པདྨོའི་རྩེར་བཞུགས་ནས། །ཟབ་ཡངས་ངག་གི་མཆོག་སྦྱིན་དེང་འདིར་སྩོལ། །རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཆོས་སྐུ་དེ་བཞིན་ཉིད་ལས་མ་གཡོས་བཞིན་དུ། གཟུགས་སྐུ་གཉིས་ཀྱིས་གང་ལ་གང་འདུལ་གྱི། འཁོར་བ་མ་སྟོངས་ཀྱི་བར་འགྲོ་བའི་དོན་མཛད་པ་ལས། འདིར་མཆོག་ཏུ་གྱུར་པ་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་གྱི་སྐུའི་རྣམ་པར་བསྟན་པ་སྟེ། དེ་ཡང༌། དེ་ནི་བླ་མ་དཔལ་ཏེ་བླ་མ་དཔལ་གཞན་མིན། །དཔག་མེད་སངས་རྒྱས་ཀྱིས་ཀྱང་རྟག་ཏུ་དེ་ལ་མཆོད། །ཕྱོགས་བཞུགས་སངས་རྒྱས་སེམས་དཔའ་རྟག་ཏུ་དེ་ལ་བདུད། །ཅེས་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང༌། རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང༌། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་གཏོང་ངོ༌། །ཞེས་པ་དང༌། རྡོ་རྗེ་གུར་ལས། སློབ་དཔོན་སྟོན་པར་གྱུར་པ་ནི། །སངས་རྒྱས་རྣམས་ཀྱིས་ཕྱག་མཛད་པས། །བདག་ཅག་རྣམས་ཀྱི་ཕ་དང་མ། །ཞེས་དང༌། གང་ལ་གང་