R180: དཔལ་ལྡན་བླ་མ་དམ་པ་རྡོ་རྗེ་འཆང་ཆེན་པོ་ངག་དབང་ཆོས་ཀྱི་གྲགས་པའི་རྣམ་ཐར་བྱིན་རླབས་ཀྱི་ཆར་རྒྱུན་དད་པའི་དབྱར་མཚོ་རྒྱས་བྱེད།

  • Pagination (Witness A): ༣༣༩
[A:༣༣༩]མཛད་རྒྱ་བོད་སྐྱེས་ཆེན་ཚོགས། །ཁྱད་པར་རྒྱལ་ཚབ་རྗེ་བཙུན་གོང་མ་ལྔ། །བརྒྱུད་པར་བཅས་པས་བདག་སོགས་འགྲོ་འདི་སྐྱོངས། །རྒྱལ་བས་ལུང་བརྙེས་མཚུངས་མེད་ཨེ་ཝཾ་པ། །འཇིགས་རུང་ངུར་སྨྲིག་འཛིན་པ་ཀུན་སྤངས་རྗེ། །བརྒྱུད་པ་བཅས་པའི་དམ་ཆོས་བདུད་རྩིའི་རྒྱུན། །སྩོལ་མཛད་རྩ་བརྒྱུད་བླ་མའི་ཚོགས་ལ་འདུད། །ཡི་དམ་ལྷ་ཚོགས་བསྟན་སྲུང་དབང་པོའི་ཚོགས། །གུས་པས་བཏུད་ནས་རྣམ་འདྲེན་མཆོག་དམ་པའི། །རྣམ་ཐར་བརྗོད་ལ་བར་ཆོད་མི་འབྱུང་ཞིང༌། །ཕན་བདེ་བསྐྱེད་པའི་སྣང་བ་སྩལ་དུ་གསོལ། །རྒྱལ་བ་ཀུན་འདུས་རྡོ་རྗེ་འཆང་ཆེན་པོའི། །རྣམ་ཐར་རྒྱལ་སྲས་རྣམས་ཀྱིས་བརྗོད་པ་ལས། །བདག་ལྟའི་བྱིས་བློས་བརྗོད་པར་ག་ལ་ནུས། །འོན་ཀྱང་མོས་གུས་དྲན་གསོར་ཅུང་ཟད་བྲི། །ཞེས་མཆོད་བརྗོད་དམ་བཅའ་སྔོན་དུ་བཏང་ནས། བདག་ཅག་ལྷ་དང་བཅས་པའི་སྐྱེ་རྒུ་ཀུན་གྱི་སྐྱབས་མཆོག །བདེ་བར་གཤེགས་པའི་གསུང་