R180: དཔལ་ལྡན་བླ་མ་དམ་པ་རྡོ་རྗེ་འཆང་ཆེན་པོ་ངག་དབང་ཆོས་ཀྱི་གྲགས་པའི་རྣམ་ཐར་བྱིན་རླབས་ཀྱི་ཆར་རྒྱུན་དད་པའི་དབྱར་མཚོ་རྒྱས་བྱེད།

  • Pagination (Witness A): ༣༨༥
[A:༣༨༥]རིག་གནས་དང་བཅས་པའི་མངའ་བདག་མཁན་ཆེན་ངག་དབང་བསྟན་པའི་རྡོ་རྗེ། དེའི་གདན་ས་ལུང་རིགས་སྨྲ་བ་བཀྲ་ཤིས་མཚན་ཅན། གྲ་ཚང་ཆེན་མོའི་མཁན་པོ་ཀུན་སྤངས་པ། འཕགས་སྡེ་མཁན་པོ་བྱམས་པ་ཆོས་བཟང༌། བྱེ་རྫིང་མཁན་པོ་བྱམས་པ་ཆོས་རྒྱལ་མཚན། བཟང་ལྡན་མཁན་པོ་དགེ་བའི་བཤེས་གཉེན་བྱམས་པ་ལྷ་དབང་པ། བྱང་བདག་པོ་ཀུན་དགའ་བསོད་ནམས་གྲགས་པ། ཐུབ་བསྟན་ཡངས་ཅན་གྱི་མཁན་པོ་མཁས་མཆོག་དགེ་བའི་བཤེས་གཉེན་འཇམ་དབྱངས་ཆོས་བཟང་པོ། །དེའི་གདན་ས་མཁན་སངས་རྒྱས་རིན་ཆེན་མཁན་དཀོན་ཅོག་བཟང་པོ། །ཐུབ་བསྟན་ལྷ་ཆེན་མཁན་པོ་དགེ་བའི་བཤེས་གཉེན་མཁན་རིན་ཆེན་རྒྱལ་མཚན་རྣམ་འདྲེན་མཆོག་གི་ཐུགས་སྲས་མཁས་དབང་མཁན་བསམ་གཏན་རྒྱ་མཚོ། བྱ་གཤོང་མཁན་པོ་རྗེ་དཔོན་བསྟན་པའི་རྒྱལ་མཚན་དང༌། ད་ལྟའི་མཁན་པོ་རྗེ་དཔོན་མང་ཐོས་གྲགས་པ་རྣམ་རྒྱལ། ཆོས་འཁོར་ལྷུན་པོའི་མཁན་པོ་དགེ་བའི་བཤེས་གཉེན་ཚུལ་ཁྲིམས་གྲགས་པ། རྗེ་བྱམས་པ་རབ་དགའ་ཡེ་ཤེས་དཔལ་འབྱོར། བྱམས་པ་གྲགས་པ། ཡ་ག་ཆོས་སྡིངས་མཁན་པོ་ཆོས་རྗེ་པད་དང༌། དཔལ་ལྡན་བཀྲ་ཤིས། སླེ་ལུང་མཁན་པོ་རྗེ་དཔོན་སངས་རྒྱས་རབ་བརྟན། ལུང་བྱུང་མཁན་པོ་མདོ་སྔགས་རྒྱ་མཚོའི་མཁྱེན་པ་ཅན་རིན་པོ་ཆེ་མཐའ་ཡས་པ། རབ་སྨད་ཀྱི་མཁན་པོ་བྱམས་པ་བསོད་ནམས་དངོས་གྲུབ། ཐོས་བསམ་གླིང་གི་མཁན་པོ་སངས་རྒྱས་ཤེས་རབ། ཐུབ་བསྟན་མཁན་རིན་པོ་ཆེ་བྱམས་པ་ངག་དབང་རྣམ་རྒྱལ་སོགས་མཁན་པོའི་ཚོགས་མང་པོ་དང༌། རྡོ་རྗེ་འཛིན་པ་ཆེན་པོ་གླང་ཕུ་ནས་ཆོས་རྗེ་འཇམ་དབྱངས་ཆོས་སྐྱོང་དབང་ཕྱུག །གླིང་ཁ་ཟུར་འཆད་པ་ཆོས་དཔལ་འབྱོར། སྒྲུབ་སྡེ་དཔོན་སློབ་བསོད་ནམས་བློ་གྲོས་ཞི་དགོན་གདན་ས་དཀོན་ཅོག་ལྷུན་གྲུབ། སྲིད་གསུམ་སློབ་དཔོན་དྲུང་རམས་པ་ཆོས་དཀར་རྣམ་རྒྱལ། དགོན་པ་རྫོང་གི་གདན་ས་བྱམས་པ་ངག་དབང་དཔལ་ལྡན་རྒྱས་སྡེ་སློབ་