R182: རྒྱལ་ཀུན་འདུས་པའི་ངོ་བོ་ཁྱབ་བདག་ཧེ་རུ་ཀ་ངུར་སྨྲིག་གར་གྱིས་རྣམ་པར་རོལ་པ་གདན་གསུམ་ཚང་བའི་སྡེ་དཔོན་རྗེ་བཙུན་བླ་མ་དབང་ཕྱུག་རབ་བརྟན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་བརྗོད་པ་བདུད་རྩིའི་ཟ་མ་ཏོག

  • Pagination (Witness A): ༤༨༢
[A:༤༨༢]ཟབ་སྔོན་དུ་འགྲོ་བའི་ལམ་དུས་རྒྱས་པ་བཟླས་པ་དང་བཅས་པ། འཇིགས་བྱེད་བཅུ་གསུམ་མའི་བཟླས་པ་ཡོད་ཙམ་རེ། རྡོ་རྗེ་རྣལ་འབྱོར་མའི་འཁྲིད་བཟླས་པ་དང་བཅས་པ། རྟ་མགྲིན་ཡང་གསང་དཔའ་གཅིག །གཏོར་བསྔོའི་རིམ་པ་ལ་ཐོག་མར་དྲག་དམར། འཇིགས་བྱེད། ལས་གཤིན་སྤྲེལ་བ། ཀྱེ་རྡོར། བདེ་མཆོག །ནཱ་རོ་མཁའ་སྤྱོད། ཕྱག་རྡོར། ཨུ་ཙ། རྩིས་མགོན། ལྕམ་དྲལ། ལས་མཁན་བཅས་པའི་གཏོར་བསྔོ། བསྐང་གསོ། མདོས་སོགས། གུར་ཞལ། མགོན་དཀར། ཚོགས་བདག །དུར་ཁྲོད་བདག་པོ། བེག་ཙེ། དམ་ཅན། ཁྱུང་ལུང་མ། རྣམ་སྲས། བེང༌། དཔལ་ལྡན་རྡོ་རྗེ་རབ་བརྟན་མ། རྡོ་རྗེ་རི་ཕུག་མ། སྤྱི་གཏོར། གཞི་བདག་རྣམས་ཀྱི་གཏོར་བསྔོ་ཐུན་གཉིས་རེ། བཀའ་བརྒྱད་ཀྱི་ཆ་གསུམ་རྒྱུན་དུ། བྲག་རྫོང་མ། གུར་གྱི་གསང་འཁྲིད། ཞལ་གྱི་སྲུང་འཁོར་ཚེ་སྒྲུབ། ཞལ་གྱི་གསང་འཁྲིད། བིར་སྲུང་སོགས་རྒྱས་པར་མཛད་ནས་ཉལ་བའི་རྣལ་འབྱོར་གྱི་དུས་འཇམ་དབྱངས་མཁྱེན་བརྩེའི་ཞལ་གཟིགས་གསང་བའི་རྣམ་ཐར་དུ་འདུག་པ་བཞིན་ཨྱོན་པདྨ་ཟ་ཧོར་མ་ཇི་ལྟ་བ་བསྒོམས། ཐུགས་རྗེས་འགྲོ་བའི་མགོན་མཛད་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་འཇིགས་ལས་སྐྱོབ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻཌཱུརྻ་ཡི་འོད་ལ་ཕྱག་འཚལ་ལོ། །ཞེས་པའི་གསོལ་འདེབས་བྱས་སློབ་དཔོན་ཆེན་པོ་རང་ལ་བསྟིམ། དབྱེར་མེད་ཀྱི་ངང་ལ་རྨི་ལམ་འཛིན་པའོ། །རང་བཞིན་ལྷན་སྐྱེས་སམ། ཞུ་བདེ་ལྷན་སྐྱེས་ཀྱི་ངང་ལ་ཉལ། སང་ལྡང་བའི་རྣལ་འབྱོར་གྱིས་ལང༌། ཉེར་དགུ་སོགས་ལ་