[A:༥༠]མཁྱེན་བུའི་བཞུགས་ཁྲི་ལ་འཛེགས་པ་ཤིན་ཏུ་སྤྲོ། །ད་ཆ་ལོ་མཐོས་པས་ཕན་ཐོགས་དཀའ་ནའང་ནང་སོའི་དྲུང་གི་ཕེབས་ནན་ཆགས་པ་དང་བཅས་རེ་ཞིག་དེ་ག་བྱེད་དོ་ཞེས་ཞལ་བཞེས་བྱུང་བས་ཐམས་ཅད་སྤྲོ་བ་འཕེལ། ཧོར་ཟླ་དྲུག་པའི་ཚེས་གསུམ་གྱི་ཉིན་གཟའ་སྐར་དུས་ཆོས་དགེ་བར་རི་མཐིལ་གཉིས་ཀའི་ཆོས་ཀྱི་ཁྲི་ལ་ཞབས་ཟུང་གི་པདྨ་རྣམ་པར་བཀོད། ཁྲི་སྟོན་གྱི་མང་འགྱེད་སོགས་ཤིན་ཏུ་དཔངས་མཐོ་ཞིང་གྱ་ནོམ་པ་སྩལ་བས་ཕྱོགས་དེའི་སྐྱེ་རྒུ་རྣམས་རྣ་ཐོས་ཀྱི་བུའི་གན་མཛོད་དུ་ཆུད་པ་ལྟ་བུས་དབུལ་བའི་གདུང་བ་མཐའ་དག་རྣམ་པར་བྲལ་ཏེ་དད་པ་དང་གུས་པ་ཕན་ཚུན་འགྲན་པའི་ལུས་ཀྱི་བ་སྤུ་གཡོ་བ་དང་མིག་ནས་མཆི་མ་འཁྲུག་པ་སོགས་དགའ་སྤྲོའི་རྩེ་དགའ་ཁོང་ནས་རྒོད་པའི་རྣམ་འགྱུར་ཅི་ཡང་སྟོན་པར་སྣང༌། ཆུ་ལུག་སྒྲུབ་མཆོད་ཆེན་མོའི་དུས་བཀྲ་ཤིས་ལྷུན་པོ་ནས་ཆིབས་ཀྱི་ཁ་ལོ་བསྐྱོད་ཆོ་ག་གར་དབྱངས་སོགས་ལ་ཐུགས་དགྱེས་རྩེར་སོན་པའི་རྗེ་འདི་ཉིད་ལ་གཟེངས་བསྟོད་ཀྱི་བཀའ་མཆིད་མང་དུ་སྩལ། དྲུང་ཆེན་སངས་རྒྱས་བསྟན་འཛིན་ཞེས་ཕྱི་ནང་ཚང་མ་ཐུགས་བློས་བཀལ་ནས་རྗེ་བླ་མ་ཉིད་ཆོས་ལྡན་གྱི་བྱ་བ་འབའ་ཞིག་ལ་ཆིག་དྲིལ་གནང་ཆོག་པའི་ཕྱག་གཡོག་ཏུ་འབྱུང་བ་དེ་ཤིང་སྤྲེལ་དུས་ཀྱི་ཆོས་ཉིད་དུ་སོང་བའི་སྐབས། རྡོ་རྗེ་འཆང་བཀའ་འགྱུར་བ་ཆེན་པོ་བཅད་རྒྱ་ལོ་གསུམ་མ་མཛད་པ་འགྲིག་གཤིས་སྒྲིབ་སྦྱོང་གནང་བའི་དུས་ཤིག་རྡོ་རྗེ་འཆང་བཀའ་འགྱུར་བའི་ཕྱག་བྲིས་གནང་བར་ད་ནང་ཐོ་རེངས་བདག་གི་རྨི་ལམ་ལ་རྡོ་རྗེ་འཆང་དེ་གསལ་པོར་ཕེབས་ནས་བྲའུ་པ་དེ་ད་ཆ་མི་ལུས་བཟུང་ཚར་བས་ཁྱེད་ཚོ་དེ་ཙམ་དང་བྱེད་མི་དགོས་གསུང་བ་གསལ་པོ་བྱུང་བ་ལར་རྨི་ལམ་བདེན་པ་རང་དཀའ་ནའང་ད་ལམ་རང་བླ་མའི་ཐུགས་རྗེ་དང་དགེ་བ་རྒྱ་ཆེ་