[A:༨༦]གྱི་རྫོང་པོད། དབུ་སེམས་ལུགས་ཀྱི་སེམས་བསྐྱེད་གཉིས། སེམས་ཉིད་ངལ་གསོའི་འཁྲིད་སོགས་དབང་ཆོས་མང་དུ་ཞུས། ས་སྐྱོང་འཕྲིན་ལས་རྒྱ་མཚོའི་དགོངས་རྫོགས་ཀྱི་སངས་རྒྱས་སུམ་ཅུ་སོ་ལྔའི་གསེར་ཐང་ལ་རྡོ་རྗེ་དབྱིངས་ཀྱི་གསུང་དབང་གི་སྒོ་ནས་རབ་ཏུ་གནས་པ་མཛད་པས་སྡེ་པ་དེ་ཉིད་སྐུ་གསོད་ཆེ་སྙམ་པ་ཤར། ཞ་ལུའི་ཆེན་སློབ་འགལ་འབྱོར་པའི་མཁན་པོ་རེ་ཞིག་ངང་བསྲིང་གནང་བའི་ངོ་ཆེན་དགོས་ཚུལ་ལྟར་རྒྱུ་མཚན་གསོལ་བས་ལོ་གཅིག་གི་ཞལ་ལེན་མཛད། རྐྱེན་སེལ་གྱི་ཚེ་དབང་སོགས་ཕུལ་ཏེ་གཙང་དུ་ཆིབས་ཁ་སྒྱུར། པ་རྣམ་བསམ་སྡིངས་ན་བུ་སྟོན་རིན་པོ་ཆེའི་བཀའ་འབུམ་གྱི་པར་གཏོས་ཆེ་བ་དང་སྐུ་པར་ཡོད་འདུག་པ་རྣམས་དགོངས་བཞེད་ལྟར་ཞ་ལུར་ཕུལ། གྲ་གཞོན་རྣམས་ཀྱིས་གདན་དྲངས་པའི་ཚེ་མཁན་རིན་པོ་ཆེ་ཉིད་ཀྱིས་སྤོས་སྣ་དང་ཚོགས་པས་སེར་སྤྲེང་རྒྱས་པར་བསྟར། གཙུག་ལག་ཁང་གི་ལྡེབས་རིས་དང་གནམ་རྒྱན་སོགས་ཀྱང་ཕལ་ཆེར་གྲུབ། འཕྱོང་རྒྱས་སྒེམ་བུ་བར་འབྲོང་རྩེ་བྱུང་བའི་ཁ་སྤྲོར་གདན་དྲངས་ལེགས་བྱའི་སྐྱེས་དང་རབ་གནས་རྒྱས་པར་གནང༌། ཞ་ལུར་བཞུགས་པའི་མཆོད་གཞིས་ཀྱི་དོན་སྐོར་ལ་རྡོར་ལེགས་པ་རྫོང་བདའ་མཛད། ས་སྐྱོང་བློ་བཟང་མཐུ་སྟོབས་མཆོད་དཔོན་གྱི་ལས་སྣེའི་སྐབས་ཡིན་པ་བརྒྱུད་ཕེབས་སྒོ་བྱུང་བ་བཞིན་པ་རྣམ་སྒང་གི་མི་གྲ་ཡོངས་འབབ་རྣམས་སྦྱོར་འཇགས་ཞུས། སྣར་ཐང་འབག་སྣ་ས་སྐྱོང་བསོད་ནམས་རབ་བརྟན་གྱིས་ཞ་ལུ་པར་གནང་བ་རིན་ཆེན་རྩེ་བ་ལྷ་བསངས་དྲན་འཕྲུལ་ཆེ་ཞིང་བསྐྱོད་ཐབས་འདྲ་ལ་བརྟེན་པའི་ཕྲོགས་པ་ཁ་མཆུ་མ་ཆོད་པའི་མུར་འདུག་པ་རིན་ཆེན་རྩེ་བས་སྣུམ་ཀྱི་དཀར་འདོན་མ་ནུས་