R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༩༩
[A:༣༩༩] ཞེའུ་བླ་མ། ཨོ་ཐོག་ནས་སྐུ་མདུན་ཆ་དཀར་ཁོ་ཐོག་ཐུ་ཁུ་དབོན་རྣམས། ཨ་འཛིན་བླ་མ་ཁུ་དབོན། གླིང་ཚང་ནས་དྲུང་པ། བླ་མ་བློ་ལྡན་བློ་གྲོས། ནཱ་ལེན་ཁུ་དབོན། ཁྲ་ལེབ་བླ་མ། སྡེ་དགེ་ནས་ས་སྐྱོང་བསྟན་པ། བསོད་ནམས་ཕུན་ཚོགས། ཚེ་དབང་རྡོ་རྗེ། ཀུན་དགའ་རབ་བསྟན། ངག་དབང་སོགས་ཁུ་དབོན་ལྔ། གྲུབ་ཐོབ་སྐུ་སྐྱེ། རབ་མཐོ་བླ་མ་ཁུ་དབོན། བླ་མ་དབུ་མཛད་སོགས་བླ་ཆུང་ཁ་ཤས། གྲེ་བོ་ནས་བླ་མ་ལྷ་འབུམ། འོད་ཟེར། མཁྱེན་རབ་དཔལ་བཟང༌། མཁྱེན་རབ་མཆོག་ལེགས། དར་དགོན་བླ་མ་ཁུ་དབོན་བཞི། གྲྭ་ཚང་ཆོས་རྗེ་ཀུན་དགའ་འོད་ཟེར་སོགས་བཞི། ནཱ་ལེན་ཁུ་དབོན། གུ་ཁྲི་ཁུ་དབོན། ཕྱུག་པོ་བླ་མ་གསུམ། གདོང་ཐོག་བླ་མ་ཁུ་དབོན། ལུང་ཐི་སྐུ་སྐྱེ། བྲག་མགོ་བླ་མ་གསུམ། ཨ་ཆེ་བླ་དབོན་བཞི། གསེར་པ་ནས་བླ་མ་ཀུན་དགའ་བསྟན་འཛིན་དང་བླ་མ་དབུ་མཛད་སོགས་དྲུག །མི་ཉག་ནས་བསྟན་པའི་གསལ་བྱེད་དཔོན་སློབ་ཤཱཀྱ་དང་སྤྲུལ་སྐུ་རིན་པོ་ཆེ། ཨ་དར་དབོན་པོ། ལྷ་འབྲི་དབོན་པོ། དར་རྩེ་མདོ་ནས་རྒྱ་རོང་མཁྱེན་རབ་ཕུན་ཚོགས། ཨ་ཝདྷུ་ཏི། ནོར་བུ་ཚེ་རིང༌། མཁྱེན་རབ་བཟོད་པ། རྒྱ་རོང་ནས་བླ་མ་དབུ་མཛད། ཚ་ཁོལ་ནང་སོ། བླ་མ་ཆོས་འཕེལ་སོགས་བླ་མ་ཁ་ཤས། ཨ་མདོ་ནས་ཨ་སྒི་སྐུ་སྐྱེ། བླ་མ་ཀུན་དགའ། ཨ་ལ་སྐུ་སྐྱེ། བླ་མ་དབུ་མཛད། བླ་མ་ཀུན་དགའ། བླ་མ་མཁྱེན་རབ་སོགས་བཅུ་སྐོར། ཝ་ཤུལ་ནས་ཕུར་ཚ་བླ་མ་ཁུ་དབོན། བེ་ཚང་བླ་མ་སངས་རྒྱས་སོགས་ཁུ་དབོན་མང་བ། མུར་བླ་དབོན། མར་པ་བླ་དབོན། ཁྲོམ་ཁོ་ཁུ་དབོན། སྨར་ཁམས་བཀའ་བཅུ་སོགས་བླ་དབོན། ཚེ་ཤིང་དང༌། གི་འཕན་རྣམས་ཀྱི་བླ་མ། བླ་མ་ཆོས་འཕེལ་སོགས་ཁ་ཤས། འབའ་ནས་མཁས་པའི་དབང་ཕྱུག་བླ་མ་བསོད་