R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༩༨
[A:༣༩༨]གསང་བསྟན་པའི་གསལ་བྱེད་བཀྲ་ཤིས་རྩེའི་དབོན་རིན་པོ་ཆེ། སྔ་འགྱུར་བསྟན་པའི་གསལ་བྱེད་རིགས་དབོན་སྤྲུལ་པའི་སྐུ་མཆོག །ཉན་པོ་ནས་མཁས་ཤིང་གྲུབ་པའི་དབང་ཕྱུག་རྔོག་སྟོན་ཆོས་རྗེ་རིན་པོ་ཆེ་སྐུ་མཆེད་ལྔ། ཀུན་མཁྱེན་ཆེན་པོ་བཀྲ་ཤིས་རྣམ་རྒྱལ་གྱི་སྤྲུལ་སྐུ་ཨ་ལི་ཆོས་རྗེ་ཀུན་དགའ་བཟང་པོ། དབོན་གྱི་སྐུ་སྐྱེ་ཨེ་ཐེ་ནེ་ཆོས་རྗེ་སོགས་བཞི། ཨ་མདོ་ནས་གྲོ་ཚང་བཀྲ་ཤིས་ལྷུན་པོའི་མཁན་ཆེན། ལྕང་སྐྱ་ཞབས་དྲུང༌། གཟིམས་ཁང་འོག་སློབ་དཔོན་པ་གཉིས། ཀུན་དགའ་ཤཱཀྱ་སོགས་ར་བ་སྨད་པའི་བླ་མ་གསུམ། སྒྲུབ་སྡེའི་དབོན་བོ་དཔོན་སློབ། བན་ཚང་སློབ་དཔོན་མཁྱེན་རབ་བསམ་འཕེལ། བླ་བྲང་བླ་མ་བརྒྱད། ཨ་འདུས་ཆོས་རྗེ་ལྔ། རྡོ་པ་སྤྲུལ་སྐུ་དང་དབོན་པོ་བཞི། སྒོམ་བདེ་ནས་སྐྱི་ཚ་བླ་མ་རིམ་གཉིས་མཐར་སོན་ངག་དབང་སོགས་བཞི། ཚང་གསར་ཆོས་རྗེ་ཁུ་དབོན་གཉིས། རྡོར་པོ་བླ་མ་དབང་ཕྱུག་སོགས་བཞི། ཤོང་བུ་སྤྲུལ་སྐུ་སོགས་བཞི། བྱང་སེམས་ཆོས་རྗེའི་གདུང་སྤོ་རི་བླ་མ་སྐུ་མཆེད་གསུམ། བེ་རུ་བླ་མ་ཁུ་དབོན་ལྔ། ཆོས་འཕན་བླ་མ་བཞི། རེ་ས་བླ་མ་གསུམ། ཆོས་གླིང་ཡས་མས་ནས་དྲུང་པ་ལྔ། སྐྱོ་མདའ་བསམ་འགྲུབ་གླིང་ནས་མཁྱེན་རབ་སྐུ་སྐྱེ་གཉིས། མཁན་པོ་རབ་འབྱམས་པ་སོགས་གསུམ། གླིང་སྟོད་སྨད་ཀྱི་སློབ་དཔོན་གཉིས། ལྕང་འབར་ཁུ་དབོན། སྐྱབས་ཆེ་སྤྲུལ་སྐུ། བདུད་མོ་བླ་མ། གྲའུ་བླ་མ། ར་ཉག་ཞབས་དྲུང༌། གླང་ཆེན་དགོན་པ་བསྟན་བདག་ཁུ་དབོན། སྐལ་བཟང་དགོན་ནས་ཨ་གཉན་ཁུ་དབོན། ངོར་འབུལ་དཔོན་བསོད་ནམས་ཤེས་རབ་དང་བསྟན་པ། བླ་ཆུང་གསུམ། ཁྲི་འདུ་དཔོན་བླ་མ་འཇམ་དབྱངས་གྲགས་པ། སྐུ་དྲུང་སྤྲུལ་སྐུ།