R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༤༠༡
[A:༤༠༡]རྗེ་ཀུན་དགའ་རིན་ཆེན། ཆེ་ཆེན་བླ་མ་བསོད་ནམས་བསྟན་འཛིན། ཨུ་ཆོར་དུ་ཆོས་རྗེ། བསོད་ནམས་དར་རྒྱས། ཆོས་རྗེ་བསྟན་འཛིན་ནོར་བུ། ཨ་མདོ་ཆོས་རྗེ་མཁྱེན་རབ། ཚ་བ་ཆོས་རྗེ་དཀོན་མཆོག་སྲུང༌། མཁྱེན་རབ་རྒྱལ་མཚན། ཚེ་རིང་སྦེ་པོའི་བླ་མ་བསོད་ནམས་དཔལ་བཟང༌། ཆ་དཀར་བླ་མ། མངའ་རིས་བླ་མ། པཎྜི་ཏ་ལྷའི་རྒྱལ་མཚན་སོགས་ཁ་ཤས། འབུལ་དཔོན་བླ་མ་ཡུམ་སྤྲུལ་སྐུ་བཀྲ་ཤིས་ཆོས་ཀྱི་ཟླ་བ། ཁྲི་འདུ་བླ་མ་མཁྱེན་རབ་སངས་རྒྱས་ལྷུན་གྲུབ། མཛོད་པ་བླ་མ་བསོད་ནམས་ལྷུན་གྲུབ། འབུལ་དཔོན་བླ་མ་བསྟན་འཛིན་ཆོས་འཕེལ། བླ་མ་དགེ་སློང་གྲགས་པ་ཕུན་ཚོགས། ཆོས་མཛད་དགེ་སློང་སྐུ་མཆེད། བླ་མ་མཁྱེན་རབ་བསླབ་གསུམ། བླ་མ་མཁྱེན་རབ་བཟང་པོ། བླ་མ་མཁྱེན་རབ་བརྟན་པ། བླ་མ་བསྟན་འཛིན་མཆོག་གྲུབ། བླ་མ་མཁྱེན་རབ་བདེ་ལེགས། མཁྱེན་རབ་བསྟན་འཛིན་མཆོག་གྲུབ། ངག་དབང་མཆོག་གྲུབ་ནོར་བུ་སོགས། མདོར་ན་གྲུབ་མཐའ་རིས་སུ་མ་ཆད་པའི་བླ་མ། སློབ་དཔོན། འདུས་ཚོགས་སོགས་བགྲང་བ་ལས་འདས་པ་ཆེས་ཤིན་ཏུ་མང་བ་ལ་ཕུལ་བས། དེ་དག་གིས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་ཞབས་འདེགས་སུ་འགྱུར་རམ་སྙམ་པ་བྱུང་ཞིང༌། རབ་བྱུང༌། དགེ་ཚུལ། བསྙེན་རྫོགས་རྣམས་ནི་ཁོར་ཡུག་ཏུ་སྒྲུབ་པ་འདི་ཁ་ལགས་པས་སྨོས་ཚོད་མ་ཟིན་ལ། བརྩམས་པའི་རིགས་ནི་མཁས་གྲུབ་ཆེན་པོ་རྣམས་ཀྱི་བཀའ་རྩོམ་ལྟར་ནི་སོ་སྐྱེས་ག་ལ་འོང་ཞིང༌། གཞན་མ་རྩོམ་རྩོམ་མང་ན་སྣག་ཤོག་གི་གྲོན་དང༌། འབྲི་མི་རྣམས་ངལ་བ་ལས་མི་འདུག་ཀྱང༌། ལ་ལས་གསུང་ནན་ཆེས་