R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༩༣
[A:༡༩༣]སྔར་ནས་གསོལ་འདེབས་མཛད་ཡོད་འདུག་པས། ཉེར་ལེན་མཚམས་སྦྱོར་ཡང་དག་ཞུས་ཏེ་ཆུ་སྤྲེལ་དང༌། ཆུ་བྱ་ལོའི་བཀའ་ཆོས་ཕལ་ཆེར་གྱི་སློབ་གྲས་སུ་ཡོད་པ་ལྟར། ཟླ་བ་དེའི་ཚེས་བཅུ་གསུམ་ནས་བཟུང༌། རྩེ་ཆེན་ལྷ་ཁང་དུ་བཀའ་ཆོས་བཙུགས་པར་ངོར་ཆེན་རྡོ་རྗེ་འཆང་གི་བཀའ་འབུམ་པོད་བཞི་མ། བཅོ་བརྒྱད་བྱམས་པ་ངག་དབང་ལྷུན་གྲུབ་ཀྱིས་མཛད་པའི་རྡོ་རྗེ་མཁའ་འགྲོའི་གསོན་སྦྱོང༌། མཆོད་རྟེན་བཞེངས་ཚུལ་དང༌། སྲོག་ཤིང་འཛུགས་ཆོག་མཁྱེན་བརྩེ་འོད་ཟེར་དྲི་མེད་ཀྱི་དཀྱིལ་ཆོག་དང༌། དེའི་ཁ་སྐོང༌། གཙུག་ཏོར་དྲི་མེད་ཀྱི་དཀྱིལ་ཆོག །དྲི་མེད་རྣམ་གཉིས་ཀྱི་གཟུངས་ཆོག །འཆི་བསླུ་མཐོང་བ་དོན་གྲུབ་རྣམས་མཁན་ཆེན་ཞྭ་ལུ་པས་མཛད་པ། ཐུགས་སྲས་ལོ་ཙཱ་བའི་གཙུག་ཏོར་དྲི་མེད་ཀྱི་ཚ་ཆོག །སྲོག་ཤིང་འཛུགས་ཆོག་གསལ་བྱེད་རྨོར་ཆེན་གསུང་ལ་ཁ་རག་ཆོས་རྗེ་བློ་བཟང་དོན་གྲུབ་ཀྱི་ཟིན་བྲིས། རྗེ་དགེ་འདུན་རྒྱ་མཚོའི་དམག་ཟོར་མའི་ལས་གསུམ་རྣམ་བཞག །གུ་གེ་པཎ་ཆེན་གྱི་བདེ་མཆོག་བོར་ཞལ་མངོན་དཀྱིལ་ཆོས་རྗེ་བླ་མའི་ཐུགས་རྗེ་ཆེན་པོའི་སྨར་ཁྲིད་ཆེ་ཆུང༌། བུ་སྟོན་རིན་པོ་ཆེས་མཛད་སྐོར་ལ། ཆོས་སྤྱོད་རྣམ་མཁྱེན་བདེ་ལམ། དུས་འཁོར་རྒྱུད་བཤད། རིན་ཆེན་གཅེས་པའི་ལྡེའུ་མིག །སྒྲུབ་ཐབས་རིན་ཆེན་སྙིང་པོ། །ཆོ་ག་དངོས་གྲུབ་མྱུར་སྩོལ། གསང་འདུས་རྒྱུད་འགྲེལ། གསང་བའི་སྒོ་འབྱེད། བདེ་མཆོག་རྒྱུད་ཀྱི་སྤྱི་དོན་རྣམས་དང༌། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་སྐོར་ལ། འཇིགས་བྱེད་འཁྲུལ་འཁོར་རྣམ་བཤད། ཁམས་གསུམ་རྣམ་རྒྱལ། དེའི་བུ་ཡིག་ལྔ།