R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༩༢
[A:༡༩༢]ཆེན་ངག་དབང་ཤེས་རབ་འདི་ལ་ཐོག་མའི་འབྱོར་ཕྱག་སྩལ་བ་ནི། སླད་ཀྱི་གནས་ཚུལ་སྒྲིག་མེད་དུ་གཟིགས་པར་སྣང༌། བཅུ་དགུའི་ཉིན་མང་མཁར་ཆབ་ཚན་ལ་ཆིབས་བསྒྱུར། གཏེར་སྟོན་བདུད་འདུལ་གླིང་པའི་དངོས་སློབ་བྱང་ཆུབ་ཟེར་བ་ཞིག་དང་མཇལ་བས། གཏེར་སྟོན་དེའི་གཏེར་ཆོས་མང་དུ་ཐོབ་འདུག་གསུངས། ཡང་དེ་སྐབས་ཟླ་དཀྱིལ་ལ་དཔག་ཚད་ལྔ་བཅུ་ཡོད་པར་གསུངས་པ་འཆར་ཚུལ་ལ་དཔག །དབུགས་ཀྱི་འགྲོ་འོང་དང་བསྟུན་ནས་བརྩི་ཚུལ་ལྟར་བརྩིས་པས། ཅུང་མ་འགྲིགས་པར་རང་ཉིད་ནད་ཅན་དུ་སོང་བས་ཡིན་ནམ་གསུངས། ཡར་མར་གྱི་ཕེབ་ལམ་གཉིས་ཀར་བསམ་གྲུབ་རྩེར་གདན་འདྲེན་ཞུས་ཏེ་ཞག་གཉིས་བཞུགས། གྲོང་ཆེན་དུ་ཕེབ་ནས་ཞག་ཤས་བཞུགས་ཤིང༌། ས་གའི་ཚེས་མགོར་འདིར་ཕེབས་བསུ་སོགས་སྔར་བཞིན་ཞུས་ཏེ་ཕེབ། དེ་སྐབས་ངེད་རང་སྤུན་ལྷ་ཆེན་ཕུན་ཚོགས་གླིང་དབང་ཁང་ན། ཐར་རྩེ་རྡོ་རྗེ་འཆང་གི་སྐུ་རིམ་ལ། མགོན་པོ་དྲུག་ཅུ་པའི་གཏོར་ཟློག་ཅིག་སྒྲུབ་སྐབས་སུ་ཡོད་པས། དེའི་སེང་དབར་ཞིག་ལ་མཇལ་འཕྲད་ཞུས། ཞག་ཤས་སྐུ་ངལ་མཛད་པར་སྒོ་རུམ་ནང་སོ་སོགས་ཁ་ཤས་སུ་རྣམ་འཇོམས་ཁྲུས་གསོལ་དང༌། གསུང་བསྐང་གནང༌། ད་ལྟའི་འདར་གྲོང་མཁན་ཆེན་འདི་ཉིད་གཞོན་ནུ་ནས་དགེ་བའི་བཤེས་གཉེན་གྱི་བག་ཆགས་སད་པ་ལྟ་བུས་རྒྱལ་བསྟན་སྤྱི་དང༌། བྱེ་བྲག་ས་ངོར་གྱི་བསྟན་པ་ལ་ཐུགས་དད་ཕུལ་དུ་བྱུང་བ་བཅས། མཁས་གྲུབ་དམ་པ་དུ་མ་བསྟེན་མུ་ལས་རྣམ་འདྲེན་དམ་པ་འདི་ཉིད་ལའང་མི་ཕྱེད་པའི་དད་པ་ཐོབ་སྟེ། འདི་གར་ཡང་གསུང་ཆོས་ཀྱི་གྲས་སུ་ཚུད་པ་ཞིག་དགོས་ཚུལ་དང༌། རྗེ་འདི་ཉིད་ལའང་དེ་བཞིན་