R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༩༥
[A:༡༩༥]པོའི་ཐིག་རྩ། དུས་འཁོར་བརྒྱུད་འདེབས། སྒྲུབ་དཀྱིལ་རྣམས་དང༌། གཞན་ཡང་རྡོ་རིངས་ཀུན་སྤང་ཆེན་པོའི་གསོལ་འདེབས་མཐའ་ཡས་མ་སོགས་ཁ་ཤས། གཡའ་བཟང་པ། བྱ་ཁྱུང་པ། སྙེ་མོ་རུའི་གདུང་སོགས་ཀྱིས་མཛད་པའི་སྟེང་གདོན་གསོ་བའི་མན་ངག་ཤིན་ཏུ་མང་བ། དེ་གྲས་ཨ་མེས་ཞབས་དང༌། རིགས་འཛིན་ཕྲིན་ལས་ལྷུན་གྲུབ་ཀྱི་ཉི་མ་མདུང་གང་གི་མན་ངག །ཨ་ཙར་དམར་པོའི་སེར་སྲུང་སྐོར། ངོར་ཆེན་ཀུན་དགའ་བཟང་པོའི་གསུང་ལ་ཉག་རེ་རིན་གྲགས་ཀྱིས་ཟིན་བྲིས་མཛད་པའི་སྲོག་ཤིང་འཛུགས་ཆོག །དུས་འཁོར་རྒྱས་པའི་སྦྱིན་སྲེག་གི་ལྷན་ཐབས་ཡོན་ཏན་རབ་རྒྱས། དེའི་ངག་འདོན་མདོར་བསྡུས། དུས་འཁོར་ས་ཆོག་གི་ངག་འདོན། དུས་འཁོར་ཞི་བའི་སྦྱིན་སྲེག་སྡུག་བསྔལ་ཞི་བྱེད་དང༌། སྒྲ་པཱ་ཎིའི་མདོ་འགྲེལ་བཅས་རྒྱ་གར་ནུབ་ཕྱོགས་ཀྱི་པཎྜི་ཏ་གོ་ཀུུ་ལ་ནཱ་ཐ་དང༌། འདར་ལོ་ངག་དབང་ཕུན་ཚོགས་གཉིས་ཀྱིས་བསྒྱུར་བཤད་ལུང་རྒྱུན་སོགས་ཤིན་ཏུ་དཀོན་ཅིང་ཟབ་པའི་ལུང་མང་པོ་དང༌། མཁས་གྲུབ་ཤངས་པ་དོ་ཀུ་བའི་གསེར་ཆོས་ལ། འཇུག་སྒོ་ཡོན་ཏན་ཀུན་འབྱུང༌། ཆོས་དྲུག་སོ་སོའི་བཀའ་སོགས་བྱིན་རླབས་ཀྱི་རིགས་དང༌། བླ་མ་བརྒྱུད་པའི་རྣམ་ཐར་ནས་བཟུང༌། བེའུ་བུམ་བཞུགས་ཆེ་ངེས་ཀྱི་ལུང༌། གྲུབ་དབང་ཐང་སྟོང་རྒྱལ་པོའི་ཁྲིད་ཡིག་ལ་གཟབས་བཤད་དུ་མས་བརྒྱན་པའི་ཁྲིད་བཀའ་སྨིན་རྒྱས། འཆི་མེད་འཁྲུལ་འཁོར་གྱི་ལག་ལེན་རགས་རིམ་སོགས། ཤངས་ཆོས་ནི་གུའི་སྐོར་ལའང་འདི་བས་ལྷག་པ་མེད་སྙམ་པའི་ངེས་པ་ཅན་དང༌། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་སྒྲུབ་དཀྱིལ་ལ། ཁའུ་བྲག་