[A:༣]ཡས་ཏིང་འཛིན་མཛོད། །རབ་འབྱམས་ཡོན་ཏན་རྒྱལ་མཚན་འཛིན་མཁས་དཔལ་ལྡན་ཕྲིན་ལས་བཟང་པོར་འདུད། །གསུང་ངག་དབང་བཞིའི་ཆུ་རྒྱུན་འབེབས་སོགས་འཕགས་བོད་པཎ་གྲུབ་ཀུན་གྱི་དངོས། །དགའ་ཆེན་ཁྱབ་བདག་འཁོར་ལོ་སྡོམ་སོགས་ལེགས་པའི་འབྱུང་གནས་རྫོགས་སངས་རྒྱས། །ལུང་རྟོགས་བདག་ཉིད་ཐེག་མཆོག་བསྟན་སོགས་ཟབ་དང་རྒྱ་ཆེ་དམ་པའི་ཆོས། །ཉེས་ཀུན་ལས་རྒྱལ་དགེ་མཚན་བསྒྲེངས་སོགས་ཚོགས་མཆོག་དཔལ་ལྡན་བཟང་པོས་སྐྱོངས། །གདུལ་བྱའི་འཛིན་མར་དབང་བཞིའི་རྒྱུན་འབེབས་སྐུ་བཞིའི་འབྲས་སྩོལ་ས་སྐྱ་པ། །རྡོ་རྗེ་འཆང་དངོས་བསོད་ནམས་རིན་ཆེན་ཞབས་དང་རྗེ་བཙུན་ཐར་རྩེ་མགོན། །བཀའ་དྲིན་མཉམ་མེད་ནམ་མཁའི་མཚན་དང་སྙན་བརྒྱུད་མངའ་བདག་བྲག་རྩ་རྗེ། །བློ་གསལ་ཏིང་འཛིན་རྒྱ་མཚོ་ལ་སོགས་གཅིག་ཉིད་ཐ་དད་བསྟན་རྣམས་བསྔགས། །གྲངས་མེད་བསྐལ་པར་མངོན་པར་