[A:༤]བྱང་ཆུབ་ཀྱང༌། །ལྔ་བདོའི་འགྲོ་ལ་རྗེས་ཆགས་མཁྱེན་བརྩེའི་གཏེར། །དུས་འདིར་ངོ་མཚར་མཛད་བཟང་བཅུ་གཉིས་ཀྱིས། །རྣམ་གྲོལ་ལམ་སྟོན་ཤཱཀྱ་སེང་གེར་འདུད། །གང་གི་བསྟན་པ་གསལ་མཛད་བྱམས་འཇམ་དབྱངས། །རྡོ་རྗེ་སྙིང་པོ་དགྲ་བཅོམ་ཉན་ཐོས་ཚོགས། །རྒྱན་དྲུག་མཆོག་གཉིས་གྲུབ་ཆེན་བརྒྱད་ཅུ་སོགས། །འཕགས་ཡུལ་ཏིང་འཛིན་རྒྱ་མཚོ་བསྔགས་པར་འོས། །གངས་ལྗོངས་མཐའ་འཁོབ་མུན་པའི་སྨག་རུམ་དུ། །བསྟན་པའི་ཉི་མས་ཕན་བདེའི་ལམ་སྟོན་པའི། །རྒྱལ་བློན་ལོ་པཎ་མཁས་གྲུབ་ཇི་སྙེད་བཅས། །རིམ་པར་བྱོན་པ་རྣམས་ལ་བདག་ཅག་དད། །ཡོངས་རྫོགས་བསྟན་པའི་མངའ་བདག་ས་སྐྱ་པའི། །གདུང་རབས་རིན་ཆེན་ཕྲེང་དང་ཁྱད་པར་དུ། །རྗེ་བཙུན་གོང་མ་དབང་པོའི་གྲངས་ལྡན་ལ། །བཀའ་དྲིན་དྲན་པས་གྲངས་མེད་ཕྱག་བགྱིའོ། །དེས་གསུངས་མདོ་སྔགས་བསྟན་པ་རིན་པོ་ཆེ། །ཡོངས་སུ་སྤེལ་མཁས་གཡག་རོང་གོ་ ཤཱཀ་འབུམ། །ངོར་རྫོང་གོང་དཀར་ཞེས་གྲགས་བསྟན་འཛིན་གྱི། །སྐྱེས་མཆོག་རིམ་པར་བྱོན་རྣམས་སྤྱི་བོས་མཆོད། །རྡོ་རྗེ་འཆང་དངོས་རྗེ་བཙུན་ས་སྐྱ་པའི། །སྙན་བརྒྱུད་མཛོད་འཛིན་བདག་ཆེན་རྡོ་རྗེ་འཆང༌། །ཀུན་སྤངས་རྗེ་དང་ཚར་ཆེན་ཆོས་ཀྱི་རྒྱལ། །བརྒྱུད་པར་བཅས་ཀྱི་རྣམ་ཐར་བསམ་བཞིན་དང༌། །རྒྱུད་སྡེའི་ཉིང་ཁུ་ཡང་ཕུར་བདེ་ཀྱེ་གསང༌། །དཔལ་ལྡན་དུས་འཁོར་གཤིན་རྗེའི་གཤེད་དམར་ནག །ཚེ་དཔག་མེད་སོགས་ལྷག་པའི་ལྷ་ཚོགས་ཀྱིས། །འཕྲལ་ཡུན་ཐུན་མོང་མཆོག་གི་དངོས་གྲུབ་སྩོལ། །རྒྱལ་བའི་བསྟན་སྲུང་གུར་མགོན་ལྕམ་དྲལ་དང༌། །སྟོབས་འཕྲོག་དབང་པོ་ནོར་སྐྱོང་