R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༩༧
[A:༤༩༧]གདོང་རྣམས་ཀྱི་དཀྱིལ་འཁོར་སྒྲུབ་མཆོད་དགོས་ཆ་ཡོན་བཅས་དང༌། བཀྲ་ཤིས་ཆོས་སྡེར་གནས་གསར་རྡོ་རྗེ་འཆང་ཆེན་པོར་ན་བཟའ་ཆ་ཚང༌། ཕྱག་ཕྲེང་རྒྱན་བཅས། རྫབ་གསོལ། ཕུར་པ་སོགས་ཕྱག་ཆ་རྣམས་དང༌། ཆིབས་སྒ་འཁོར། བརྒྱད་ཚན་གསུམ་རྣམས་དང༌། འདུས་སྤྱི་ནས་ཀྱེ་རྡོར་མན་ངག་ལུགས། བདག་མེད་མ། གུར་རིགས་བསྡུས༌། རྡོ་རྗེ་སྒྲོལ་མ། རིག་བྱེད་མ། གསང་འདུས་ལུགས་གཉིས། འཇིགས་བྱེད་བཅུ་གསུམ། ཕྱག་རྡོར་འཁོར་ཆེན། བདེ་མཆོག་ལཱུ་ནག །མཁའ་སྤྱོད་མ། མཁའ་འགྲོ་རྒྱ་མཚོ། སངས་རྒྱས་མཉམ་སྦྱོར། གདན་བཞི། སམ་པུ་ཊི། གུར་ལྷ་བརྒྱད། ཀུན་རིག །རིགས་གསུམ་སྤྱི། མི་འཁྲུགས་པ། ཚེ་དཔག་མེད། འོད་ཟེར་ཅན། རྣམ་རྒྱལ། དུས་འཁོར་རྣམས་ཀྱི་སྒྲུབ་མཆོད་དགོས་ཆ་ཡོན་བཅས། ཞ་ལུར་རྡོར་དབྱིངས་རྩ་ལུགས། འགྲེལ་ལུགས། རྩེ་མོ་དང་དཔལ་མཆོག་རིགས་བསྡུས། དཔལ་མཆོག་རྡོར་སེམས། ཁམས་གསུམ་རྣམ་རྒྱལ། ཆོས་དབྱིངས་གསུང་དབང༌། འཇམ་དཔལ་རིགས་བསྡུས། འཇམ་དཔལ་གསང་ལྡན། ཀུན་རིག །མི་འཁྲུགས་བཅུ་གསུམ། འཆི་བདག་འཇོམས་པ། རྣམ་སྣང་མངོན་བྱང༌། དྲི་མེད་རྣམ་གཉིས། གྲ་ལྔ། གནས་བཅུ། དོན་ཞགས། གདུགས་དཀར། ཕྱག་རྡོར་འགྲོ་བཟང༌། རྣམ་རྒྱལ། སྨན་བླ། འཆི་མེད་རྔ་སྒྲ་རྣམས་ཀྱི་སྒྲུབ་མཆོད་དགོས་ཆ་ཡོན་བཅས། གཞན་ཡང་གཙང་དབུས་དགོན་སྡེ་ཉིས་བརྒྱ་དང་ཞེ་བདུན་ཙམ་ལ་མང་སྐོལ་བསྔོ་རྟེན་རྣམ་གཞག་སོགས་དང༌། པཎ་ཆེན་ཐམས་ཅད་མཁྱེན་དྲུང་ལྗགས་བསྔོ་རྟེན་དངུལ་སྲང་ལྔ་བཅུ། ཇ་འཁོར། ཆིབས་སྒ་འཁོར་རྣམས་ཀྱིས་མཚོན་བརྒྱད་ཚན་གསུམ་བཅས། ཚང་མའི་དངོས་པོ་གང་སོང་བསྡོམས་ཇ་འཁོར་དྲུག་དོན་གསུམ་ལྷག་