R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༩༨
[A:༤༩༨]ཙམ། དངུལ་སྲང་ཆིག་སྟོང་སུམ་བརྒྱ་ཉི་ཤུ་སྐོར། དགུ་ཚན་བརྒྱད་ཚན་རེ། བདུན་ཚན་ཁ་ཤས། ལྔ་ཚན་སོ་གསུམ། གསུམ་ཚན་ཉིས་བརྒྱ་བཅུ་གཅིག །སྣམ་བུབས་བརྒྱ་དང་གོ་ལྔ། ཁ་བཏགས་ཆིག་ཁྲི་དྲུག་སྟོང་བདུན་བརྒྱ་བརྒལ་ཙམ། མར་ཁལ་བརྒྱ་དང་བདུན་ཅུ་སྐོར། གསེར་ཞོ་བརྒྱ་དང་དོན་དྲུག་བཅས་སོང་ཞིང༌། སྤུར་རུས་བཏུལ་ཟིན་ནས་གདུང་ཚ་མཆོད་དགུ་མ་འབུམ་ཐེར་གཙུག་ཏོར་དྲི་མེད་སྙིང་པོ་ཅན་དང༌། བླ་མ་ཡི་དམ་ཆོས་སྲུང་ནོར་ལྷའི་སྐུ་ཁྲི་ཕྲག་བརྒལ་ཙམ་གྱི་སཱཙྪ་རྣམས་ཆོས་གྲྭ་ལྷོའི་དགེ་འདུན་རེས་བསྐོར་གྱིས་ཁུར་བཞེས་འགོ་པ་ལྡེ་ཕྱུང་པ་བཀྲ་ཤིས་འོད་ཟེར་གྱིས་བགྱིས་ཏེ་ཐོག་མར་ཚོམས་དམར། དེ་ནས་ལྷ་ཆེན་ཐིགས་གཡབ་ཤར་དུ་ཚུགས། གྲོ་བཞིན་ཚེས་བཞི་ནས་ཐིགས་གཡབ་ལྷོ་སོགས་སུ་བདེ་ཀྱེ་གསང་གསུམ། བདག་མེད་མ། མཁའ་སྤྱོད་མ། ཀུན་རིག །ཚེ་ཆོག །རྣམ་རྒྱལ། བསྟན་པ་གསོ་ཆོག་ཞག་བདུན་རྣམས་དང་རྗེ་རྡོ་རྗེ་འཆང་ཉིད་ནས་ཞེ་དགུའི་ཀྱེ་རྡོར་གྲོལ་ཉེ་ཡིན་པས་སྐབས་ཤིག་སྐུ་གཤེགས་དེ་སྙུན་མེད་སྔར་གྱི་རང་ཆས་སུ་འཁྲུངས་པས་རང་བཞིན་གྱི་གསུང་གླེང་མུར་དེང་སང་འོ་བརྒྱལ་མི་འདུག་གམ་གསུང་པས། སྐྱོན་ཅི་ཡང་མི་འདུག་བདག་གི་ཞེ་དགུ་ཐེམ་དུས་གུར་མགོན་ལྷ་བརྒྱད་ཀྱི་དབང་ཞིག་བསྐུར་གྲོགས་མཛོད་གསུང་པ་འཁྲུངས་པ་བཞིན་ཉེར་ལྔར་ཞེ་དགུ་ཐེམ་དུས་མགོན་པོའི་དབང་ཆེན་གྲས་ལྷ་བརྒྱད་དཀྱིལ་ཆོག་ཁོལ་སྒྲུབ་ཀྱིས་དབང་བསྐུར་མཛད། དེ་སྐབས་གཞུང་ཞབས་རིན་པོ་ཆེ། སྡེ་དགེ་ས་དབང༌། འབྲུག་སྡེ་སྲིད་སོགས་ཀྱིས་གཙོ་མཛད་གཞིས་བྱེས་ཆེ་ཕྲ་དུ་མས་ཞབས་འདེབས་དངོས་པོ་གསེར་དངུལ་ཇ་སོགས་མང་དུ་འབུལ་བར་མཛད། ཁྲུམས་ཟླའི་འགོར་གདུང་ཚ་རྣམས་གྲུབ་པས་རྗེ་ཉིད་ལྷ་ཁང་རྩེའི་སྨོན་གནས་ཡིད་འོང་ཚལ་དུ་བཞུགས་