R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༢༣
[A:༣༢༣] སྔོན་གྱི་དུས་སུ། རྒྱ་གར་གྱི་རྒྱལ་པོ་པ་ན་པཱ་ལས། རྒྱལ་སྲིང་སྐྱོང་བའི་སྐབས་ཤིག་ཤར་ཕྱོགས་ཝ་རནྡྲར། རྒྱལ་ཕྲན་ས་ན་ཏན་ཟེར་བ་ཞིག་བྱུང༌། དེ་ཉིད་ཀྱི་བཙུན་མོའི་མཆོག་གཟུགས་དང་བློ་གྲོས་ཕུན་སུམ་ཚོགས་པ་ཞིག་ཡོད། དེ་ཡང་དེ་ལ་བླ་ལྷག་ཏུ་གཙིགས་སུ་བྱེད་ཅིང༌། ཁྲུས་བྱེད་པ་ལུས་གསེར་གྱི་རུས་སྤལ་གྱི་སྟེང་དུ་འཇོག །གཞན་ལ་མི་སྟོན་པར་སྦེད་པ་ལས། རྒྱལ་པོ་དེས་བྲམ་ཟེའི་རིགས་ཀྱི་སློབ་དཔོན་སྙིང་པོའི་ཞབས་ལ་གསང་བ་འདུས་པའི་དབང་བསྐུར་ཞུས་པའི་ཡོན་དུ་བཙུན་མོ་དེ་དང༌། རྟ་དང༌། གསེར་དང༌། གླང་པོ་ཆེ་ལ་སོགས་པ་ཕུལ། དུས་གཞན་ཞིག་ན། དེ་ལ་སྙིང་པོའི་ཞབས་ཀྱིས་སྲས་མཚན་དང་ལྡན་པ་ཞིག་བཙས། ལོ་བདུན་ལོན་པ་ན། བྲམ་ཟེ་ཡི་གེ་སློབ་པའི་གྲྭར་བརྫངས་པས། ནམ་ཞིག་ན་བྲམ་ཟེའི་ཁྱེའུ་གཞན་རྣམས་ཀྱིས་ཁྱོད་ནི་རིགས་ངན་ཡིན་ནོ་ཞེས་བརྡེགས་སོ། །རྒྱུ་མཚན་དྲིས་པས། ཁྱོད་ཀྱི་ཕ་ནི་ནང་པའི་བསྔགས་པ་ཡིན་པས། དམངས་རིགས་ཀྱི་བཙུན་པ་གྲལ་མགོར་འཇོག །མཆོད་པ་བྱེད་པའི་གནས་སྐབས་སུ་རིགས་བཟང་ངན་གྱི་དབྱེ་བ་མེད་པར་བསྲེས་པས་སོ། །དེ་ལྟར་མང་དུ་གཙེས་པས། དེ་ངུ་ཞིང་ཁྱིམ་དུ་ལྡོག་པ་ན། ཡབ་ཀྱིས་དྲིས་པས་དེ་ལྟར་བྱུང་བ་བཤད་དོ། །འོ་ན་འདི་དག་ཟིལ་གྱིས་གནོན་དགོས། ཞེས་གསུངས་ཏེ། འཇམ་དབྱངས་ཀྱི་དབང་བསྐུར། རྗེས་སུ་གནང་བ་སྩལ་ཏེ་སྒྲུབ་ཏུ་བཅུག་པས། ལོ་