R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༥༣
[A:༥༣]སྲེག །དུས་མཐའ་མའི་ཆོ་ག །རབ་གནས་དོན་གསལ། ཧེ་རུ་ཀའི་ཆས་དྲུག །བརྒྱུད་པའི་བཀྲ་ཤིས་མཚུངས་མེད་བླ་མ་རྣམས་དང༌། ས་པཎ་གྱིས་མཛད་པའི་ཚོགས་འཁོར་རྩོད་སྤོང༌། འཕགས་པས་མཛད་པའི་ཚོགས་འཁོར་བདུད་རྩི་བུམ་པ། བླ་མ་དམ་པས་མཛད་པའི་མངོན་རྟོགས་ཡན་ལག་དྲུག་པ། མུས་ཆེན་སེམས་དཔའ་ཆེན་པོས་མཛད་པའི་མངོན་རྟོགས་ཡན་ལག་དྲུག་པ་བྱ་བྲལ་མར་གྲགས་པ། ལམ་དུས་ཀྱི་ཉམས་ལེན། དབང་ཆུ་གསལ་བའི་མེ་ལོང༌། སྟ་གོན་སྐབས་ཀྱི་སོ་ཤིང་སོགས་ཀྱི་དགོས་པ་བཤད་པ། ལམ་ཟབ་ཐུན་མོང་བའི་ཉམས་ལེན་རྣམས་དང༌། བདག་ཆེན་རྡོ་རྗེ་འཆང་གིས་མཛད་པའི་སྐོར་ལ། ལམ་དུས་ཀྱི་དབང་བསྐུར་ཚུལ། ལམ་ཟབ་ཐུན་མོང་བའི་ཉམས་ལེན། བདུད་རྩི་རིལ་བུ་སྒྲུབ་ཚུལ། དེ་སྐབས་སུ་དགོས་པའི་སྨན་གྱི་རྐང་གྲངས། རྡོར་དྲིལ་གྱི་རྣམ་བཤད། དམ་ཚིག་གི་བཤད་པ་འཁྲུལ་སྤོང་རབ་གསལ། ལྟ་བ་འཁོར་འདས་དབྱེར་མེད་ཀྱི་ཁྲིད། བརྡ་དོན་གསལ་བའི་ཁྲིད། ལམ་སྦས་བཤད་ཀྱི་མན་ངག་ཟིན་བྲིས་རྣམས་དང༌། ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་སྐོར་ལ། ལམ་འབྲས་བརྒྱུད་པའི་གསོལ་འདེབས་དངོས་གྲུབ་རིན་པོ་ཆེའི་ཆར་འབེབས་ལ་བླ་མ་ཕྱི་མ་རྣམས་ཀྱི་ཁ་སྐོང་དང་བཅས་པ། བླ་མཆོད་དངོས་གྲུབ་རིན་པོ་ཆེའི་བང་མཛོད། བླ་མ་ལྔ་བཅུ་པའི་འགྲེལ་པ། ལམ་སྐོར་དགུའི་ཡི་གེ །རྩ་ལྟུང་བཅུ་བཞིའི་འགྲེལ་བའི་ལུང་བཤད། དབང་ཆུའི་ལྷན་ཐབས་ནོར་བུའི་ཕྲེང་བ། བླ་མ་རིན་འབྱུང་གི་ཉམས་ལེན། ཕྱི་ནང་བསྐྱེད་རིམ་གྱི་རྣམ་བཤད་ཉི་མའི་འོད་ཟེར། གསུང་ངག་བརྒྱུད་པའི་བཀྲ་ཤིས་རྣམས་དང༌། འཇམ་མགོན་མཁྱེན་བརྩེས་མཛད་པའི་སྐོར་ལ། མན་ངག་གི་བྱུང་ཚུལ་དང༌། བྱུང་བའི་ཆོས་ལ་བཤད་སྒྲུབ་བྱ་ཚུལ་བཅས་ཀྱི་ཁོག་ཕུབ་ཟིན་བྲིས། ཁྲིད་ཀྱི་ཟིན་བྲིས་གསང་ཆེན་བསྟན་པ་རྒྱས་བྱེད་ཅེས་