R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༥༧
[A:༥༧]ངག་རྣམས་ཀྱི་ལུང་དང༌། ས་སྐྱ་པའི་གསེར་ཆོས་བཅུ་གསུམ་གྱི་ནང་ཚན་ཐུན་མོང་བསྒྲུབས་པས་མཆོག་ཞར་ལས་འགྲུབ་པ་དམར་པོ་སྐོར་གསུམ་དུ་གྲགས་པ་ལ། དཀོན་མཆོག་ལྷུན་གྲུབ་ཀྱི་ཡིག་སྟེང་ནས་རིགས་བྱེད་མ་ངོར་ལུགས་ཐུན་མོང་མ་ཡིན་པའི་རྗེས་གནང་ལུང་བཅས། འཇམ་མགོན་ཀུན་བློ་རང་གིས་མཛད་པའི་ཡིག་ཆའི་སྟེང་ནས་རིགས་བྱེད་མ་ཚར་ལུགས་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པ་གཉིས་ཀྱི་རྗེས་གནང་ལུང་བཅས། ངག་ཆོས་ཀྱི་ཡིག་ཆའི་སྟེང་ནས་གསང་སྒྲུབ་ཀུ་རུ་ཀུལླེ་ལྷ་ལྔའི་བྱིན་རླབས་ལུང་བཅས། ཐར་པཎ་གྱི་ཡིག་སྟེང་ནས་དཱ་ན་ཤཱི་ལ་ལས་བརྒྱུད་པའི་ཀུ་རུ་ཀུལླེ་ལྷ་ལྔའི་དབང༌། ངག་ཆོས་པའི་ཡིག་ཆའི་སྟེང་ནས་གཉན་ལོའི་ལུགས་ཀྱི་དབང་གི་ལྷ་དམར་ཆུང་སྐོར་གསུམ་གྱི་རྗེས་གནང་ལུང་བཅས། དཀོན་མཆོག་ལྷུན་གྲུབ་པའི་ཡིག་ཆའི་སྟེང་ནས་ངོར་ལུགས་ཐུན་མོང་མ་ཡིན་པའི་ཚོགས་བདག་གི་རྗེས་གནང་ལུང་བཅས། ངག་ཆོས་པའི་ཡིག་ཆའི་སྟེང་ནས་ཚོགས་བདག་དམར་ཆེན་ཕྱག་བཅུ་གཉིས་པ་ཐུན་མོང་མ་ཡིན་པའི་རྗེས་གནང༌། ཚོགས་བདག་དམར་ཆེན་ཁྱད་པར་བའི་རྗེས་གནང་ངག་ཆོས་པའི་ཡིག་ཆ་ལྟར་དང༌། ཇོ་ལུགས་ཚོགས་བདག་དཀར་པོ་ཆགས་པའི་རྡོ་རྗེ་རྗེས་གནང་ངག་ཆོས་པའི་ཡིག་ཆ་ལྟར་དང༌། ཚོགས་བདག་དཀར་པོ་གླང་གདོང་ཅན་ཕྱག་བཞི་པའི་རྗེས་གནང་ཤེའུ་ལོ་ཙཱ་བའི་ཡིག་ཆ་ལྟར་དང༌། དཀོན་མཆོག་ལྷུན་གྲུབ་ཀྱི་ཡིག་ཆའི་སྟེང་ནས་འདོད་རྒྱལ་གྱི་རྗེས་གནང་ངོར་ལུགས་ཐུན་མོང་མ་ཡིན་པ་ལུང་དང་བཅས་པ། ས་སྐྱ་པའི་གསེར་ཆོས་ཛམ་དམར་སྲོག་སྒྲུབ་ཀྱི་རྗེས་གནང་གོང་དཀར་རྡོ་རྗེ་གདན་པས་མཛད་པའི་ཡིག་ཆ་དང་རྨོར་ཆེན་གྱིས་མཛད་པའི་རྗེས་གནང་བཅས་ཀྱི་སྟེང་ནས་གསན་ཅིང༌། ལུང་ལ། སྲོག་སྒྲུབ་ཀྱི་གདམས་པ་ས་ཆེན་གྱིས་མཛད་པ་ལ་ནང་གསེས་སུ་རྟེན་བཅའ་བ། བསྙེན་སྒྲུབ། ལས་ལ་བསྐུལ་བ་དང་བཅས་པ། ལུང་བླང་བའི་མན་ངག །གོང་དཀར་རྡོ་རྗེ་གདན་པས་མཛད་