[A:༥༨]པའི་རྗེས་གནང་གི་ཡིག་ཆུང༌། རྨོར་ཆེན་གྱིས་མཛད་པའི་རྗེས་གནང་བྱ་ཚུལ་བཅས་ཀྱི་ལུང་དང༌། ཆོས་སྲུང་གི་སྐོར་ལ། རྫོང་ཆུང་པ་འཇམ་དབྱངས་གྲགས་པས་མཛད་པའི་མངོན་དཀྱིལ་དང༌། རྡོ་རྗེ་གདན་པས་མཛད་པའི་ལྷན་ཐབས། ངག་ཆོས་པའི་ཟིན་བྲིས། རྗེ་རང་གིས་མཛད་པའི་ཡི་གེ་རྣམས་ཀྱི་སྟེང་ནས། བྲམ་ཟེ་ཆེན་པོ་ནས་བརྒྱུད་པའི་གུར་གྱི་མགོན་པོ་གྲི་གུག་ལྷ་ལྔ། བླ་མ་མལ་ལོའི་བཞེད་པའི་གུར་མགོན་ལྷ་བརྒྱད། བླ་མ་བྲག་སྟེང་པའི་བཞེད་པའི་གུར་མགོན་ལྷ་བཅུ་གཉིས་མ། གྱི་ལྗང་ལུགས་ཀྱི་མགོན་པོ་ལྷ་བཅུ་བདུན་མ། སྙན་བརྒྱུད་ལུགས་ཀྱི་གྲི་གུག་ལྷ་ལྔ་རྣམས་ཀྱི་དབང༌། སྒོ་རུམ་པའི་ཡིག་ཆའི་སྟེང་ནས་བཱ་རི་ལོ་ཙཱ་ནས་བརྒྱུད་པའི་མགོན་རྐྱང་གི་རྗེས་གནང་ཐུན་མོང་མ་ཡིན་པ་དང༌། སངས་རྒྱས་རིན་ཆེན་དང༌། ཐར་པཎ་གྱི་ཡིག་ཆའི་སྟེང་ནས་ལོ་ཆེན་ནས་བརྒྱུད་པའི་གུར་མགོན་ལྕམ་དྲལ་ལྷ་གསུམ་སྦྲགས་ཏེ་སྒྲུབ་པའི་རྗེས་གནང་ལུང་བཅས། སྔགས་འཆང་ཆེན་མོའི་ཡིག་སྟེང་ནས་གུར་ལྷ་བརྒྱད་ཀྱི་རྗེས་གནང་ལུང་བཅས། ཚར་ཆེན་གྱི་ཡིག་ཆ་དང༌། དབང་རབ་པས་མཛད་པའི་གཅིག་ཤེས་ཀུན་གྲོལ་རྣམས་ཀྱི་སྟེང་ནས་ལྷ་བརྒྱད་ཐུན་མོང་མ་ཡིན་པའི་རྗེས་གནང༌། མགོན་པོ་རྣམ་རོལ་གྱི་མངོན་རྟོགས་སོགས་ཀྱི་སྟེང་ནས་མགོན་པོ་ལྷ་བཅུ་གཉིས་མ་ཐུན་མོང་བའི་རྗེས་གནང༌། འཇམ་དབྱངས་གྲགས་པའི་སྒྲུབ་ཐབས་དང༌། མཁྱེན་བརྩེའི་ཐོ་ཡིག་སོགས་ཀྱི་སྟེང་ནས་ལྷ་བཅུ་གཉིས་མ་ཐུན་མོང་མ་ཡིན་པའི་རྗེས་གནང༌། དབང་རབ་དང་ངག་ཆོས་པའི་ཡིག་ཆའི་སྟེང་ནས་མགོན་པོ་ཁྲོ་བཅུའི་རྗེས་གནང་ལུང་དང་བཅས་པ་རྣམས་སྔོན་དུ་གསན་ནས། གྲོལ་བྱེད་ཀྱི་ཁྲིད་ལ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པའི་ཁྲིད་ཡིག་ལ་ཞྭ་ལུ་མཁན་ཆེན་གྱི་འཆད་ཐབས་སྦྱར་ཞིང༌། ཞལ་ཤེས་ཡིག་ཆུང་སོགས་ཀྱིས་བརྒྱན་ཏེ། ཕྱི་ཁྲིད་རྡོ་