[A:༦]ཉོན་མོངས་པ་དང་ཤེས་བྱས་བསྡུས་པའི་སྒྲིབ་གཉིས་ཚང་ཚིང་སྟུག་པོའི་ཚོགས། །ཐབས་ཤེས་ཟུང་དུ་འཇུག་པའི་ལམ་གྱི་རལ་གྲིས་ཡོངས་སུ་བཅད་པ་ལས། །སླར་ལ་གསང་གསུམ་རྒྱན་གྱི་འཁོར་ལོའི་མེ་ཏོག་རབ་ཏུ་མཛེས་འབར་བ། །འཇིག་རྟེན་གསུམ་ན་ཆེ་བའི་ཆེ་བ་དུས་གསུམ་བདེ་གཤེགས་རྣམས་ཀྱིས་སྐྱོངས། ༢ །གང་ཞིག་མྱང་པས་འཁོར་བའི་རིམས་ནད་སྐད་ཅིག་གཉིས་པར་འཕྲོག་བྱེད་ཅིང༌། །རྣམ་གྲོལ་འབྲས་བུའི་ལང་ཚོ་གསར་པ་ཆེས་ཆེར་ཉིད་དུ་རྒྱས་མཛད་པའི། །འགོག་དང་ལམ་བདེན་གཉིས་ཀྱིས་བསྡུས་པའི་དམ་ཆོས་བདུད་རྩིའི་ཆུ་གཏེར་ཆེ། །དེང་ནས་བཟུང་སྟེ་བྱང་ཆུབ་བར་དུ་འགྲོ་འདིའི་སྙིང་ལ་སིམ་གྱུར་ཅིག ༣ །བག་མེད་འགོག་པའི་ནོར་བུའི་བ་གམ་རྣམ་པར་བརྩེགས་པའི་ཁང་བཟང་ན། །མང་དུ་ཐོས་དང་བསམ་བྱུང་སྒོམ་པའི་རིན་ཆེན་མང་པོའི་མཛོད་བཟུང་སྟེ། །ཕུལ་བྱུང་འཆད་རྩོད་རྩོམ་པའི་རྒྱལ་མཚན་སྲིད་ཞིའི་ཁོངས་སུ་བསྒྲེང་བའི་མོད། །ཡིད་སྲུབས་སྙིང་ལ་ཟུག་རྔུ་སྟེར་མཁས་ཐེག་གསུམ་དགེ་འདུན་ཚོགས་ཀྱིས་སྐྱོངས། ༤ །གཟོད་ནས་བྱང་ཆུབ་དམ་པ་བརྙེས་ཟིན་ཀྱང༌། །ནམ༷་མཁ༷འི་མཐའ་དང་མཉམ་པའི་ཡིད་ཅན་རྣམས། །འཆི་མེད་རྡོ་རྗེའི་གྲོང་དུ་བཀྲི་བའི་སླད། །ངུར་སྨྲིག་འཛིན་པའི་སྐུར་སྟོན་ཐར་རྩེ་པ། ༥ །ཁྱད་པར་བྱ༵མས་བརྩེའི་ཆུ་འཛིན་འཁྲིགས་པ༷་ལས། །ཀུ༷ན་དག༷འི་ཆོས་ཀྱི་གྲུ་ཆར་འབུམ་བརྡལ་བས། །ཕན་བདེའི་ལོ་ཏོག་དར་ལ་བབས་མཛད་པ། །བསྟ༷ན་འཛིན་བྱེ་བའི་གཙུག་རྒྱན་ཕྱག་གི་ཡུལ། ༦།བསྐྱེད་རྫོགས་རྣ༷ལ་འབྱོ༷ར་ཟབ་མོའི་རྐང་སྟེགས་ལ། །བརྟེན་ནས་འཇ༷མ་དཔ༷ལ་དཔའ་བོའི་གོ་འཕང་དང༌། །གཉིས་སུ་མེད་པའི་རྒྱལ་སར་གཤེགས་ཀྱང་འདིར། ༧ །མཁས་བཙུན་བཟ༷ང་པོའི་རྣམ་རོལ་སྤྱི་བོས་མཆོད། །དེ་ལྟར་སྐྱབས་ཀུན་འདུས་ཞལ་རྗེ་བླ་མའི། །ཡོན་ཏན་མི་ཟད་