[B:52b]
ཅིག་མཛད། ཕ་བླ་མ་དེའི་བཀའི་ཅོད་པཎ་གཙུག་ཏུ་བསྟེན་ཏེ། ཇི་ལྟར་བསྩལ་བ་ལས་ནམ་དུ་ཡང་མི་གཡོ་ཞིང་། བཞེད་པའི་དོན་མ་ལུས་པ་སྒྲུབ་པ་ལ་ངལ་བ་མེད་པར་རྣམ་ཐོས་ཀྱི་བུའི་བང་མཛོད་ལ་ལོངས་སྤྱོད་པ་ལྟ་བུའི་སྐུ་གསུང་ཐུགས་ཀྱི་རིམ་གྲོ་པ་ཉེ་གནས་ཆེན་མོ་བརྒྱ་བྱིན་སོགས་སོ། །
གཞན་ཡང་རྗེ་འདི་ནི་དབང་བཅུ་ཐུགས་ལ་[A:174]འབྱོར་ཞིང་། བརྗིད་ཆགས་པ་དང་། བདེན་པ་སྨྲ་བ་དང་། སྔགས་ཀྱིས་གསུང་བྱིན་གྱིས་བརླབས་པ་སོགས་ཀྱི་སྒོ་ནས་འདིའི་བཀའ་དངོས་སུ་བསྩལ་ནས་སུས་ཀྱང་བགོམ་པར་མི་ནུས་པས་བཀའ་བཞིན་སྒྲུབ་པར་བྱེད་དོ། །
སླར་སྨྲས་པ།
ཕུལ་བྱུང་མཁྱེན་པའི་ཆུ་འཛིན་ཆེ་ལས་གྲངས་མེད་ཆོས་ཀྱི་ཆར་ཕབ་ཅིང་། །
རྩོད་པའི་གནམ་ལྕགས་རྡོ་རྗེའི་ཟེར་གྱིས་རྒོལ་བའི་ཀླད་པ་འཐག་པར་མཛད། །
རྩོམ་པ་ལེགས་བཤད་དབྱར་གྱི་རྔ་ཆེན་ཕྱོགས་དུས་ཀུན་ཏུ་བསྒྲགས་པ་ལས། །
སྐལ་བ་མཆོག་གི་གདུལ་བྱའི་ལོ་ཐོག་ཕྱོགས་རྣམས་ཀུན་ཏུ་རྒྱས་པར་གྱུར། །
དམ་ཆོས་གསུང་བ་ཕལ་ཆེར་གདུལ་བྱ་ཡི། །
བསམ་པའི་སྣོད་ཡངས་འགེངས་ལ་ཆུ་ཐིགས་བཞིན། །
ཁྱོད་ནི་ཟབ་ཡངས་ཆོས་ཆུའི་ཆར་ཆེན་པོ། །
ཀུན་ཏུ་རིས་མེད་འབེབས་པའི་རྫོགས་ལྡན་སྤྲིན། །
འགྲོ་ལ་བདུད་རྩིར་འགྱུར་བའི་ལེགས་བཤད་ཀྱི། །
སྐྱེས་བཟང་སྔ་ན་མེད་པའི་ཆོས་ཀྱི་གཏམ། །
ང་རྒྱལ་གྱིས་མཐོ་མཁས་པས
པའིཔའི་སྤྱི་བོར་ཡང་། །
བདེ་གཤེགས་བཀའ་ཡི་མེ་ཏོག་ཕྲེང་བཞིན་ལེན། །
ཕས་ཀྱི་རྒོལ་བ་སྟོང་གིས་མི་བརྫི་བའི། །
ཕྱོགས་ལས་རྣམ་པར་རྒྱལ་བའི་ཁྱུ་མཆོག་ཁྱོད། །
དགག་སྒྲུབ་སེང་གེའི་ཁྲི་ལ་བཞུགས་ཙམ་གྱིས། །
མངོན་རློམ་[A:175]དྲེགས་པ་བརྒྱ་དག་ཟིལ་གྱིས་མནོན་(=གནོན་)། །
རྟོག་གེའི་དུག་ཆུས་ལྟོ་བ་ཁེངས་པ་ལས། །
ཝ་སྐྱེས་བཞིན་དུ་དྲེགས་པའི་ང་རོ་ཡིས། །
ཁྱོད་ལ་རྒོལ་བར་བྱེད་རྣམས་རང་ཉམས་པ། །
ཕྱེ་ལེབ་མར་མེའི་འོད་ལ་འཛིང་བ་བཞིན། །
ཉིད་གསུང་ཆོས་ཀྱི་བདུད་རྩི་རོ་བརྒྱ་པ། །
རྣམ་དཔྱོད་རོ་འཛིན་སྐྱོན་མེད་ཀྱིས་མྱོང་ན། །
ཉེས་བཤད་དྲི་ང་མི་ཟད་གཞན་གཞུང་གི། །
ངན་སྐྱུགས་དག་ལ་སུ་ཞིག་དགའ་བར་བྱེད། །
འོན་ཀྱང་འདི་ན་ཕྲག་དོག་གིས་མྱོས་པའི། །
སྐལ་ངན་ཁ་ཅིག་ཁྱོད་གསུང་མི་འཛིན་པ། །
ཀུན་དགའི་པད་ཚལ་བོར་ནས་སྦྲང་མ་གཞན། །
མི་གཙང་ཕུང་