R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 63a
[B:63a]༄༅། །ཟད་ཀྱང་མ་སྦགས་པར ། ཀུན་ལྡན་ཞེས་པ་ལྕགས་ཕོ་བྱི་བའི་ལོ་ཆུ་སྟོད་ཀྱི་ཟླ་བའི་དཀར་ཚེས་བཞི་རྒྱལ་བས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཆེན་ལ་དཔལ་རྡོ་རྗེ་གདན་མི་འགྱུར་བདེ་བ་ཆེན་པོའི་ཆོས་གྲྭར་སྦྱར་བའི་ཡི་གེ་་ནི་ཤཱཀྱ་ཀུན་དགའོ། །ཕྱོགས་དུས་ཐམས་ཅད་དུ་བཀྲ་ཤིས་པར་གྱུར་ཅིག ། Printing Colophon; B: ff. 63a2-63b4 །ཨོཾ་སྭ་སྟི་བི་ཛཡ། ཁ་བ་རི་ཡི་ཡུལ་ལྗོངས་དམ་པ་འདིར། །སྙིགས་དུས་ཀུན་མཁྱེན་གཉིས་པ་ཆོས་ཀྱི་རྒྱལ། །ཕུན་ཚོགས་དགའ་བཞིའི་དཔལ་ལ་ལོངས་སྤྱོད་པ། །རྣམ་དག་མཁས་པའི་གཙུག་རྒྱན་གཞན་སྡེ་ཡི། །སྲིད་ལས་རྒྱལ་བའི་མིག་འཕྲུལ་ལས་གཞན་ཅི། །ཕུལ་བྱུང་ཡེ་ཤེས་སྤྱན་གྱིས་འགྲོ་ཀུན་ལ། །དཔལ་འབྱོར་བཟང་པོའི་གཟིགས་པ་ཉམས་མིན་ཏེ། །ཁྱབ་བདག་རྒྱལ་བའི་ཤིང་རྟ་གཅིག་པུ་ གང་གི་རྣམ་ཐར་ངོ་མཚར་རིན་ཆེན་གཏེར །ཡིད་བཞིན་རིངརིན་ཐང་ཆེ་བའི་བང་མཛོད་དུ། །གཏེར་དུ་སྦས་ན་དད་ལྡན་སྤྱོད་ཡུལ་མིན། །དེ་ཕྱིར་མི་ཟད་པར་གྱི་ཆུ་གཏེར་ཆེར། །ཉེ་བར་བཀོད་ཚེ་ཀུན་གྱི་དགའ་སྟོན་ཡིན། དེ་ལྟར་རྗེ་བཙུན་བླ་[A:212]འི་དབོན་རིགས་ཏེ། རྣམ་ཐར་རབ་ཏུདུ་བསྐུལ་བའི་བྱེད་པ་པོ། ངག་དབང་ཀུན་དགའི་དད་པས་རབ་དྲངས་ནས། །ལེགས་བྱས་རྣམ་དཀར་དགེ་བ་སྤེལ་བའི་སླད། །ཁྱད་པར་སླརབསྔགས་འོས་དམ་པའི་མཆོག་གྱུར་པ། རྒྱ་སྟོན་བྱང་ཆུབ་མཚན་ཅན་བཀའ་བཞིན་དུ། །འབད་པ་ཆེན་པོས་ཉེ་བར་བསྐྲུནསྐྲུན་པ་ལསལགས །འདི་ཡང་རྒྱལ་ཆེན་གླིང་གི་ཕོ་བྲང་ནས། །ལྷག་བསམ་རྣམ་པར་དག་པསབས་བསྒྲུབས་པ་ཡིན། །པར་ཤིང་ཤེལ་གྱི་གླེགས་བུ་ཕུལ་བྱུང་རྣམས། །ས་སྐྱོང་ཆོཚེ་རིགས་ཟི་ནའིཟིན་པའི་གདུང་གི་རྩེར། །མཁྱེན་ཡངས་ཀུན་བཟང་རོལ་པའི་ཟློས་གར་ཅན། ཆོས་ཀྱི་དབང་ཕྱུག་བཀའ་དྲིན་ཉིད་ལས་ཐོབ། །ཕྱི་མོ་ཇི་བཞིན་དག་བྱེད་སྦྱིན་པོས་བགྱིས། །བརྐོས་ཀྱི་འདུ་བྱེད་དགོས་དར་ཁུ་ཚན་ཡིན། །ཡི་གེ་པ་ནི་དགེ་འདུན་རྣམ་རྒྱལ་ཏེ། །འདི་ལས་བསོད་ནམས་ཚོགས་སུ་གང་གྱུར་དེས། རྗེ་བཙུན་བླ་མའི་ཐུགས་དགོངས།