R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 13a
[B:13a]ཕྱིས་རིང་མོ་ཞིག་ན་བླ་བྲང་མགོན་ཁང་ནས་མཆོད་ཅོག་གི་གསེང་ཞིག་ནས་རྙེད་པ་ལས་ཇི་ལྟར་བྱུང་བ་བཞིན་བཀོད་པ་ཡིན་ཞིང་། དེའི་གཤམ་ན་ཞག་གཅིག་གི་ཆོས་སྤྱོད་ཀྱི་རིམ་པ་སྔ་མོ་བྱེད་པ་ཁ་ཅིག་ནི་བཞག་ལ་ཕྱིས་མེད་དུ་མི་རུང་བ་འགའ་ཞིག་བསྣན་དུ་ཡོད་ཀྱང་འདི་ནི་ད་ལྟར་གྱི་རིམ་པའོnot located། ། ཞེས་པ་གནང་འདུག་ཅིང་། གོང་འོག་གི་སྔགས་རྣམས་ལ་རྗེས་སུ་[A:36]གྲངས་འདི་སོང་གི་ངེས་པས་རིས་ཀྱི་བསྒྲིལ་ཐོ་གནང་འདུག་པ་རྣམས་ནི་བློས་གཞལ་བར་བྱ་བ་ལས་འདས་པར་འདུག་པས། དད་ལྡན་སྐལ་ཅན་རྣམས་ལ་སྨོས་ཅི་འཚལ་ནའང་། བག་ཆགས་ངན་པའི་སྐྱེ་བོ་རྣམས་ལ་རང་བློ་དང་སྦྱར་བའི་སྡིག་ལྟོརཏོར་གྱུར་དོགས་མ་བཀོད་དོ། ། གཞན་ཡང་སྐལ་བ་དང་དད་པའི་ནོར་དང་ལྡན་པ་རྣམས་ལ་འདོམས་པར་མཛད་པ་ནི་རྒྱུད་སྡེ་བཞིའི་དབང་བཀའ་དེ་དག་སོ་སོའི་གྲོལ་བྱེད་ཀྱི་ལམ་ཕྲ་རགས། བྱིན་རླབས་རྗེས་གནང་། རྒྱུད་བཤད་བཀའ། ལུང་རྒྱུན། སྒྲུབ་དཀྱིལ་གྱི་ཕྱག་ལེན་གྱི་རིམ་པ་སོགས། མདོར་ན་མདོ་སྔགས་རྒྱུད་སྡེ་རྒྱ་མཚོའི་ངེས་གསང་ལས་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་དང་། གསུང་རྣམ་པ་ཐམས་ཅད་པའི་སྒྱུ་འཕྲུལ་ཇི་ལྟ་བ་བཞིན་དུ་གདུལ་བྱ་རང་རང་གི་ཁམས་དང་། བསམ་པ་དང་དབང་པོ་དང་། བག་ལ་ཉལ་དང་རྗེས་སུ་མཐུན་པར་ཆོས་ཀྱི་འཁོར་ལོ་རླབས་པོ་ཆེ་བར་མེད་པར་བསྐོར་བ་སོགས་མཁས་པའི་བྱ་བ་རྣམ་པ་གསུམ་གྱི་རོལ་པས་རྒྱ་མཚོ་ཆེན་པོར་ཆུ་བོ་བཞིན་དུ་མཁས་པ་དང་། ཆེ་བ་དང་། བཙུན་པ་དང་། བཟང་བ་ལ་སོགས་པ་རྣམས་ཁེངས་པའི་རི་བོ་ལས་བབས་ཏེ། ལུང་[A:37]དང་མངོན་པར་རྟོགས་པའི་ཆོས་ཚུལ་གྱི་ནོར་བུ་ཟད་པ་མེད་པའི་རྒྱ་མཚོ་ཆེན་པོ་འདིར་འདུས་ཤིང་ཚིམ་པར་མཛད་པས་ཐུབ་པའི་བསྟན་པ་ལ་སྟོན་པ་གཉིས་པ་ལྟར་གྱུར་ཏེ། ཛམྦུའི་སྒྲས་མཚོན་པའི་སའི་ཁོར་ཡུག་གི་ཁྱོན་འདིར། མདོ་དང་སྔགས་ཀྱི་ཚུལ་བླ་ན་མེད་པའི་ཆོས་ཀྱི་ཉི་མ་སྙོམས་པར་