R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 13b
[B:13b]བརྡལ་ཏེ། སྲིད་པ་དང་ཞི་བའི་དགེ་ལེགས་ཀྱི་སྣང་བ་རྒྱ་ཆེན་པོས་ཁྱབ་པར་མཛད་དོ། ། མདོར་ན་དམ་པ་འདི་ནི་གནས་སྐབས་གང་དུའང་ཆོས་གསུང་བའམ། གསུང་རབ་མཐའ་དག་ལ་གཟིགས་པ་བསྩལ་བའམ། ལེགས་བཤད་ཀྱི་རྩོམ་པ་མཛད་པའམ། སྤྲོས་བཅས་སྤྲོས་མེད་ཀྱི་ཐུགས་དམ་ལས་མི་གཡོ་བའམ། རྣལ་འབྱོར་དང་ལྡན་པའི་གསོལ་བའི་སྐབས་ཙམ་མ་གཏོགས་སྐུ་གསུང་ཐུགས ཐུགཐུགས་ཐ་མལ་དུ་གྱུར་པའི་གནས་སྐབས་སྐད་ཅིག་ཙམ་ཡང་ཞབས་འབྲིང་པ་ཤིན་ཏུ་ཉེ་བས་ཀྱང་མ་མཐོང་བ་ནི་མངོན་སུམ་དུ་གྱུར་པ་ཐམས་ཅད་མཐུན་པར་སྨྲའོ། ། གཞན་ཡང་འབྱོར་པའི་ཁྱད་པར་ཇི་སྙེད་ཅིག་ཡོད་པ་དང་། ཉིན་རེ་བཞིན་ཇི་ཙམ་ཕྱག་ཏུ་བབས་པ་རྣམས་་ཀྱང་རང་དོན་དུ་ཅུང་ཟད་ཙམ་ཡང་མི་སྤྱོད་པར་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང་། བླ་མ་དཀོན་མཆོག་ལ་རྙེད་[A:38]བཀུར་དང་། མཆོད་པའི་ཡོ་བྱད་འབུལ་བ་དང་། ཕོངས་པ་ལ་སྦྱིན་གཏོང་མཛད་པ་མིན་པ་བར་མ་དོར་འགྱུར་བ་མེད་ཅིང་། མདོར་ན་རྗེ་བཙུན་འདི་ནི་ཐབས་མཁས་པའི་ཐུགས་རྗེས་སྲིད་དང་མངའ་རིས་སུ་གཏོགས་པའི་བདོག་པ་ཀུན་ཀྱང་ངང་གིས་དཀར་ཕྱོགས་སུ་འགྲོ་བ་དང་། རིག་བྱེད་དུ་གྱུར་རོ་ཅོག་གི་འདུ་བྱེད་ཀྱི་གྲུབ་འབྲས་དང་། ལས་ལ་འཁོལའཁོརའཁོལ་བ་ཕྲ་མོའི་བར་ཐམས་ཅད་ཀྱང་རྟེན་གསུམ་བཞེངས་པ་དང་། དེ་དག་ལ་མཆོད་རྫས་ཀྱི་བྱེ་བྲག་སྒྲུབ་པ་དང་། དགེ་འདུན་གྱི་རྙེད་པའི་བྱ་བ་དང་།་གཞན་ལ་ཕན་པ་སོགས་ཀྱི་ལས་ཁོ་ན་ལ་འཇུག་པའི་དོན་དང་ལྡན་པ་ཉིད་མ་གཏོགས། སྡིག་ལྟོར་འགྱུར་བ་དང་། ཁ་ན་མ་ཐོ་བའི་ལས་ལ་འཇུག་མི་དགོས་པས་དམ་པ་འདི་ཉིད་ལ་ཆ་ཙམ་དུ་འབྲེལ་ཚད་ཀྱང་དོན་དང་ལྡན་པ་ཡིན་ནོ། ། སྨྲས་པ། ཁམས་དང་བསམ་པའི་ཁྱད་པར་ཇི་བཞིན་དུ། ། དུ་མའི་མཛད་པ་བསྟན་ནས་འགྲོ་བ་ཀུན། ། ཀུན་མཁྱེན་སར་འགོད་སྲིད་ཞིའི་འཇིགས་ལས་སྐྱོབ། ། སྐྱོབ་པ་མཚུངས་མེད་སྐྱེ་དགུའི་དཔལ་དུ་གྱུར། ། མདོ་རྒྱུད་གསུང་རབ་རྒྱལ་བའི་དགོངས་པ་བཞིན། ། དགོངས་ནས་དེ་དོན་གཞན་