[B:14a]ལ་འདོམས་པ་དང་། །
འདོམས་པ་ཇི་བཞིན་རང་[A:39]གིས་ལེགས་སྒྲུབ་པ། །
ལེགས་པའི་ལམ་གྱི་སྟོན་པ་མཚུངས་པ་མེད། །
ལུས་ཅན་ཕན་བདེའི་ཁུར་ཆེན་སྙིང་རྗེ་ཡིས། །
སྙིང་སྟོབས་ཕྲག་པར་ལེན་བརྩོན་རྒྱལ་བའི་སྲས། །
རྒྱལ་བ་དགྱེས་པའི་མཛད་པས་དུས་འདའ་བས། །
དུས་གསུམ་ཀུན་ཏུ་འབྲེལ་ཚད་དོན་དང་ལྡན། །
དད་དང་བརྩོན་པའི་བ་གམ་རྣམ་བཀྲ་ཤིང་། །
བསླབ་གསུམ་ནོར་གྱིས་བང་མཛོད་ཡོངས་གང་སྟེ། །
རྣམ་དག་ཆོས་ཀྱི་སྦྱིན་པའི་ཕྱག་རྐྱོང་བས། །
འདི་ན་ཆོས་མིན་དབུལ་བའི་ཆ་བྲལ་ལོ། །
དཔལ་ལྡན་བླ་མ་དམ་པའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད་ལས་རྣམ་པར་དག་པའི་སྤྱོད་པ་རླབས་པོ་ཆེ་མཛད་པའི་སྐབས་ཏེ་དྲུག་པའོ། །
CHAPTER 7: Studies under the tutorlage of various teachers; A: pp. 39-89; B: ff. 14a3-29a5; C: pp. 29-
བདུན་པ་ཡོངས་སུ་འཛིན་པ་བསྟེན་ཞིང་གསུང་རབ་ཀུན་གྱི་བདག་པོར་གྱུར་པ་ནི།
ཀུན་མཁྱེན་རྒྱལ་བའི་གསང་གསུམ་ལས་བྱུང་བའི། །
དགའ་ཆེན་རོལ་མོ་ཆེན་པོས་སྲིད་གསུམ་འགེངས། །
རྣམ་མང་བདུད་ལས་རྒྱལ་བའི་དཔལ་ཡོན་གྱིས། །
བཟང་པོའི་ཕྲིན་ལས་བ་དན་བསྒྲེངས་ཁྱོད་རྒྱལ། །
རྒྱ་ཆེན་ཐོས་པའི་བག་ཆགས་མཐུ་བརྟས་ཤིང་། །
གྲངས་མེད་ཡོངས་འཛིན་མཁས་པའི་ཞབས་བསྙེན་ཏེ། །
ཟབ་ཡངས་ཆོས་[A:40]ཀྱི་བདུད་རྩི་འདོམས་མཛད་པས། །
རྒྱ་བོད་གསུང་རབ་ཀུན་གྱི་བདག་པོར་གྱུར། །
བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། ཐམས་ཅད་ལ་དབང་འབྱོར་བ་དེ་ཉིད་སྔོན་ནས་རྒྱུད་མར་ལེགས་པར་སྦྱངས་པའི་མཐུ་དང་། འདིར་ཡང་བློ་གྲོས་འཕེལ་བར་བྱེད་པའི་ཡི་དམ་ལ་བསྙེན་པས་སད་པར་བྱས་ཏེ། སྐྱེས་སྦྱངས་ཀྱི་མཁྱེན་པ་ཕུལ་དུ་བྱུང་ཞིང་། ཡོངས་འཛིན་དམ་པ་རྣམས་ལས་བཀའ་དྲིན་ཇི་ལྟར་ནོད་པའི་ཚུལ་ནི།
Condensed record of teachings Kun dga' rnam rgyal received from his spiritual teachers; A: pp. 40.8-84.2; B: ff. 14a7-27b4
src: The input of the following chapter is done on the basis of the published text (A); readings of the blockprint (B) are not indicated
Teachings from Brag thog chos rje
བླ་མ་དམ་པ་རྣམས་ཀྱི་གཙུག་རྒྱན་བཀའ་དྲིན་མཚུངས་པ་མེད་པ་རྗེ་བཙུན་བྲག་ཐོག་པ་ཆེན་པོ་བསོད་ནམས་བཟང་པོ་ཞེས་ཡོངས་སུ་གྲགས་པ། ཕྱི་ནང་གི་རྒྱུད་སྡེ་མཐའ་དག་ལ་མཁས་