[B:16a]དབང་དང་། ནག་པོ་ཆེན་པོ་ལ་མ་གཤིན་བཅུ་དྲུག་གིས་བསྐོར་བ་ལྷ་བཅུ་བདུན་མའི་དབང་། གཉིས་པ་བྲམ་ཟེ་མཆོག་སྲེད་ཀྱི་ལུགས་ལྷ་བཅུ་གསུམ་དུ་སྦགས་ཏེ་སྒྲུབ་པའི་རྗེས་གནང་། གུར་མགོན་ལྷ་བཅུ་གཉིས་མ་དང་ལྷ་བརྒྱད་མ་དང་། པུ་ཏྲ་ལྕམ་སྲིང་གི་ཁྱད་པར་གྱི་རྗེས་གནང་། གཉན་གྱི་མགོན་པོ་བརྩེགས་ཞལ་གྱི་རྗེས་གནང་། གཡས་དཀར་གཡོན་དམར་སྟེང་ཞལ་དུད་ཁ་ལྕམ་དྲལ་ལྔའི་རྗེས་གནང་། ཞལ་བཞི་གཙོ་འཁོར་དྲུག་པ་དང་། གདོང་བརྙན་ཅན། དཀར་པོ་ཚེ་སྒྲུབ། སེར་པོ་བསོད་ནམས་སྒྲུབ་པ། དམར་པོ་དབང་བསྡུད། སྔོན་པོ་བགེགས་འཇོམས་ཏེ་དྲུག་གི་རྗེས་གནང་སོ་སོར་ཡོད་པ། [A:46]དེ་དག་གི་ཡིག་ཆ་རྒྱུད་དང་རྒྱ་བོད་ཀྱི་གྲུབ་པ་བརྙེས་པའི་སྐྱེས་ཆེན་རྣམས་ཀྱིས་མཛད་ཅིང་།
རྗེ་བཙུན་ས་སྐྱ་པ་རྣམས་ཀྱིས་ཐུགས་ཉམས་སུ་བཞེས་པ་མ་ཚང་བ་མེད་པའི་ཆོས་སྐྱོང་སྐོར་གྱི་པོ་ཏི་གཉིས་ཀྱི་ལུང་། བཀའ་སྲུང་དུར་ཁྲོད་བདག་པོའི་རྗེས་གནང་། དེའི་ཡིག་ཆའི་ལུང་། ཡེ་ཤེས་མགོན་པོ་ཕྱག་བཞི་པའི་རྗེས་གནང་། མགོན་པོ་ཕྱག་དྲུག་པའི་རྗེས་གནང་། གནོད་སྦྱིན་རྡོ་རྗེ་བདུད་འདུལ་གྱི་རྗེས་གནང་། དེ་རྣམས་ཀྱི་ཡིག་ཆ་ཐོར་བུའི་ལུང་།
ཡང་རིགས་གསུམ་མགོན་པོའི་སྐོར་གྱི།
དང་པོ་སྤྱན་རས་གཟིགས་ཀྱི་རྣམ་གྲངས། སྤྱན་རས་གཟིགས་བླ་མེད་པདྨ་ཅན་ལྷ་བཞི་བཅུ་རྩ་དྲུག་གི་དབང་། སྤྱན་རས་གཟིགས་ཞལ་བཅུ་གཅིག་པ་ལྷ་སུམ་ཅུ་རྩ་བདུན་གྱི་དབང་། ཕྱག་མཚན་གྱི་རྗེས་གནང་། ཡང་བཅུ་གཅིག་ཞལ་དཔལ་མོ་ལུགས་ཀྱི་རྗེས་གནང་། འཕགས་པ་དོན་ཡོད་ཞགས་པ་ས་ལུགས་ཀྱི་རྗེས་གནང་རྣམས་དང་། ཐུགས་རྗེ་ཆེན་པོ་སྐྱེར་སྒང་[C:34]པའི་སྐོར་ཆོས་བདུན་དུ་གྲགས་པ་སོགས་ཀྱི་ཡིག་ཆའི་རིམ་པ་གཟུངས་སྒྲུབ་ལ་སོགས་པ་མཐའ་དག་གི་ལུང་།
འཇམ་དཔལ་སྐོར་ལ། འཇམ་དབྱངས་ཨ་ར་པ་ཙ་ན་ལྷ་ལྔའི་དབང་། ཨ་ར་པ་ཙ་ལྷ་གཅིག་གི་རྗེས་གནང་། འཇམ་[A:47]དཔལ་རྡོ་རྗེ་བློ་གྲོས་འཕེལ་བའི་རྗེས་གནང་། འཇམ་དཔལ་སྨྲ་སེང་གི་རིག་གཏད། འཇམ་དཔལ་དམར་པོ་གསུང་གི་རྗེས་གནང་། འཇམ་དཔལ་དཀར་པོའི་རྗེས་གནང་། འཇམ་དབྱངས་ཤེས་རབ་འཁོར་ལོའི་རྗེས་གནང་། དེ་རྣམས་ཀྱི་སོ་སོའི་ཡིག་ཆ་ཆ་ལག་དང་བཅས་པ་མ་ཚང་བ་མེད་པའི་ལུང་། དབྱངས་ཅན་མ་དཀར་མོའི་རྗེས་གནང་། དབྱངས་ཅན་མ་དམར་མོའི་རྗེས་གནང་། དེ་གཉིས་ཀྱི་ཡིག་ཆ་རྒྱ་བོད་ཀྱི་མཁས་པ་རྣམས་ཀྱིས་ཆེད་དུ་མཛད་པ་རྣམས་ཀྱི་ལུང་།
ཕྱག་རྡོར་སྐོར་ལ། ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་དབང་། ཕྱག་ན་རྡོ་རྗེ་འགྲོ་བཟང་གི་དབང་། ཕྱག་ན་རྡོ་རྗེ་ཨུ་ཙའི་རྗེས་གནང་། དེ་རྣམས་ཀྱི་ཡིག་ཆའི་ལུང་། རྡོ་རྗེ་རྣམ་འཇོམས་བིར་ལུགས་ལྷ་བདུན་ཅུ་རྩ་ལྔའི་དབང་། བ་རི་ལོ་ཙཱ་བའི་ལུགས་རྣམ་འཇོམས་ལྷ་བཅོ་ལྔའི་དབང་དང་ལྷ་གཅིག་གི་བྱིན་རླབས། རྡོ་རྗེ་རྣམ་འཇོམས་སྐུའི་རིགས་དཀར་པོ་ལྷ་བཅོ་ལྔའི་དབང་དང་གཟུངས་སོགས་ཡིག་ཆའི་ལུང་དང་བཅས་པ།
མི་གཡོ་བ་སེམས་དཔའ་སུམ་བརྩེགས་ལྷ་དགུའི་རྗེས་གནང་། མི་གཡོ་བ་བླ་མེད་ལྷ་དགུའི་དབང་། མི་གཡོ་བ་དཀར་པོའི་རྗེས་གནང་། དེ་རྣམས་ཀྱི་ཡིག་ཆའི་ལུང་། ཁྲོ་བོ་[A:48]སྨེ་བརྩེགས་ཀྱི་རྗེས་གནང་། སྨེ་བརྩེགས་གཏེར་མའི་དབང་བཀའ། ཁྲོ་མོ་སྨེ་བརྩེགས། དེ་དག་གི་ཡིག་ཆ་དང་བཅས་པ། རིགས་གསུམ་རིག་གཏད་ཀྱི་དབང་བཀའ། ཚེ་དཔག་མེད་གྲུབ་པའི་རྒྱལ་མོ་རས་ཆུང་ལུགས་ཀྱི་དབང་། དེའི་ལས་ཀྱི་ལྷ་རྟ་མགྲིན་དམར་པོའི་རྗེས་གནང་། ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ་གྱི་ལུགས་ཚེ་དཔག་མེད་ལྷ་དགུའི་དབང་། འཆི་མེད་རྔ་སྒྲའི་དབང་། མ་གྲུབ་པའི་རྒྱལ་མོའི་ཚེ་སྒྲུབ་ཐུན་མོང་མ་ཡིན་པའི་དབང་དང་བསྐྱེད་རྫོགས་ཀྱི་ཁྲིད། བཅུད་ལེན་གྱི་མན་ངག་དང་བཅས་པ། ཡིག་ཆ་རྣམས་ཀྱི་ལུང་།
རྟ་མགྲིན་ལྕགས་རལ་ཅན་དང་།[C:35]་བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་གྱི་ཞལ་གཟིགས་རྟ་མགྲིན་ནག་པོ་གཉིས་ཀྱི་རྗེས་གནང་