R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 17b
[B:17b]རེ་ཡོད་པའི་དཀྱིལ་འཁོར་བཞི། བདག་མེད་མ་ལྷ་ཉི་ཤུ་རྩ་གསུམ། ཡང་བདག་མེད་མ་ལྷ་བཅོ་ལྔ། ཀུ་རུ་ཀུལླེ་ལྷ་བཅོ་ལྔ། རྡོ་རྗེ་བདུད་རྩི་ལྷ་ཉི་ཤུ་རྩ་གཅིག་ཧཱུཾ་མཛད་བདུད་རྩི་ཉེར་དགུ། ཧེ་རུ་ཀ་བདུད་རྩི་ཉེར་གཅིག་འཁྱིལ་བ་བདུད་རྩི་བཅུ་གསུམ། ཀྱེ་རྡོར་ཐོད་པ་ཅན་ཞལ་གཅིག་ཕྱག་གཉིས་པ། ཕྱག་བཞི་པ། ཞལ་གསུམ་ཕྱག་དྲུག་པ། ཞལ་བརྒྱད་ཕྱག་དྲུག་པ་སྟེ་ལྷ་དགུའི་དཀྱིལ་འཁོར་བཞི། མ་ཧཱ་མཱ་ཡ་ལྷ་ལྔ། སངས་རྒྱས་ཐོད་པ་ལྷ་དགུ། ཁ་སྦྱོར་ནས་བཤད་པའི་ཧཱུཾ་མཛད་ལྷ་བཅུ་གཅིག་ལཱུ་ཧི་པའི་རྗེས་འབྲང་གི་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་དང་། ཡང་བདེ་མཆོག་གཙོ་འཁོར་ཐམས་ཅད་ཞལ་གཅིག་ཕྱག་གཉིས་པར་བྱས་པའི་ལུགས་གཉིས་ཏེ་བདེ་མཆོག་གི་དཀྱིལ་འཁོར་གསུམ། འདི་ལ་ཕག་མོས་གཙོ་བྱས་པའི་དཔའ་མོ་རྣམས་ཁོ་ན་སྒོམ་པའི་དཀྱིལ་འཁོར་གསུམ། [A:51]ཡང་སངས་རྒྱས་ཐོད་པ་ལྷ་ཉི་ཤུ་རྩ་ལྔ། རྡོ་རྗེ་གདན་བཞི་ལྷ་ལྔ་བཅུ་རྩ་བདུན། གཤིན་རྗེ་གཤེད་ནག་པོ་ལྷ་བཅུ་གསུམ། གུར་གྱི་སྒྲོལ་མ་ལྷ་བཅུ་གཅིག་འོད་ཟེར་ཅན་ལྷ་ཉེར་ལྔ། སོ་སོར་འབྲང་མ་སེར་མོ་ལྷ་བཅུ་གསུམ། རྡོ་རྗེ་དབྱིངས་སྒོ་ཕྲག་གཉིས་ལ་རྩ་བའི་ལྷ་ལྔ་བཅུ་རྩ་གསུམ་བསྐལ་བཟང་དགུ་བཅུ་རྩ་དྲུག་ཁ་སྐོང་རྒྱུ། འཇམ་དཔལ་སྒྱུ་དྲྭ་སྒོ་ཉིས་སྦྲགས་ལྷ་བཞི་བཅུ་རྩ་གསུམ། ཆོས་དབྱིངས་གསུང་དབང་སྒོ་བཞི་སྦྲགས་ལྷ་ཉིས་བརྒྱ་ དང་ཉེར་གཅིག་གཙུག་དགུ་ལྷ་སུམ་ཅུ་སོ་བདུན། ཕྱག་ན་རྡོ་རྗེ་འབྱུང་འདུལ་ལྷ་སུམ་ཅུ་སོ་གསུམ། བཤད་རྒྱུད་རྡོ་རྗེ་གུར་རིགས་བསྡུས་ལྷ་ལྔ་བཅུ་རྩ་གསུམ། འཁོར་ལོ་སྒྱུར་དྲུག་ལྷ་བདུན་ཅུ་རྩ་གཉིས། དུས་ཀྱི་འཁོར་ལོ་ཡོངས་རྫོགས་ལྷ་དྲུག་བརྒྱ་སུམ་ཅུ་རྩ་དྲུག་རྣམས་ཀྱི་དཀྱིལ་འཁོར་སོ་སོར་དབང་བསྐུར་བ། ཨ་བྷ་ཡཱ་ཉིད་ཀྱི་བཞེད་པ་བླ་མེད་ཕྱོགས་གཅིག་ཡིན་པ་འདྲ་ཡང་། འདིར་བུ་སྟོན་སོགས་ཀྱི་བཞེད་པ་ལྟར་རྒྱུད་སྡེ་སོ་སོར་ཕྱེ་ནས་མཛད་དོ། ། ཡིག་ཆ་འཕྲེང་