[B:18b]ཟས་ནོར་ཁྱད་པར་ཅན་ཞེས་པ་སོགས་ཀྱི་བཀའ་ལུང་། ཡང་དབྱུག་གུ་མ་སྤུན་གསུམ། བ་རི་པའི་ཐུགས་དམ་མཁའ་འགྲོ་མའི་ལག་བཅངས་ཞེས་པ་དང་། རིམ་པ་གཉིས་ཀྱི་མན་ངག་བ་རི་པའི་བུམ་ནག་གམ་རིག་པ་འབུམ་ཆེན་མོ་ཞེས་པའི་མདོ་རིག་པ་ལྔ་བཅུ་ཡོད་པ་དང་། རིག་པ་ཐོར་བུ་བ་བསྡུས་པ་འབུམ་ཞེས་པའམ། སྣ་ཚོགས་རིག་པའི་འབུམ་ཆུང་རིག་པ་གྱ་ལྔ་ཡོད་པ་བྱད་མ་འབུམ་ཟློག་ཏུ་གྲགས་པའི་ཡིག་ཆ་རྣམས་དང་། གྲུབ་པ་སྡེ་བདུན། སྙིང་པོ་སྐོར་གསུམ། ཨ་མ་ན་སེའི་སྐོར། ཡང་དབུ་མ་ལུགས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད། སྡུད་པ་ལ་སོགས་པའི་ཤེར་ཕྱིན་ཕྲན་བུ། གཏོར་མ་ཆ་གསུམ་[A:54]འབྲིང་པོ།
Text collections, master's collected works, Sa skya bka' 'bum
རྒྱལ་སྲས་རིན་པོ་ཆེའི་བཀའ་འབུམ་ཐོར་བུ་བ་ཚང་མའི་ལུང་།
རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལྔའི་གསུང་འབུམ་ཡོངས་སུ་རྫོགས་པའི་སྐོར་ལ།
རྗེ་ས་སྐྱ་པ་ཆེན་པོའི་གསུང་འབུམ་པོ་ཏི་གཉིས་ལ་ཆོས་ཚན་བཞི་བཅུ་རྩ་གསུམ། སློབ་དཔོན་རིན་པོ་ཆེའི་གསུང་འབུམ་པོ་ཏི་གཉིས་ལ་ཆོས་ཚན་ཉི་
ཤུ་རྩ་བདུན། རྗེ་བཙུན་ཆེན་པོའི་གསུང་འབུམ་པོ་ཏི་ཆེ་བ་གསུམ་ལ་ཆོས་ཚན་བརྒྱ་དང་ཉེར་བརྒྱད། ཆོས་རྗེ་ས་པཎ་ཆེན་གྱི་གསུང་འབུམ་པོ་ཏི་གསུམ་ལ་ཆོས་ཚན་བརྒྱ་དང་བཅུ། འཕགས་པ་རིན་པོ་ཆེའི་གསུང་འབུམ་པོ་ཏི་བཞི་ལ་ཆོས་ཚན་ཉིས་བརྒྱ་དང་བདུན་ཅུ་རྩ་བདུན་རྣམས་བཀའ་འབུམ་དཀར་ཆག་ལུགས་བཞིན་མ་ཚང་བ་མེད་པ་དང་།
Mahāmudrā teachings
གཞན་ཡང་གཅེས་བསྡུས་རིན་ཆེན་ཕྲེང་བ་ཞེས་པ་དང་། ཕྱག་ཆེན་གཅེས་བསྡུས་གཉིས་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཆོས་ཚན་ལྔ་བཅུ་རྩ་ལྔ་ལ་སོགས་པའི་ཆོས་ཀྱི་བདུད་རྩིས་ཐུགས་རྒྱུད་ཡོངས་སུ་གཏམས་པར་མཛད་དོ། །