R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 19a
[B:19a]པའི་སྨད་ལས་དྲག་པོ་སྒྲོལ་བའི་རྗེས་གནང་། ཡིག་ཆའི་ལུང་། ནག་པོ་ཆེན་པོ་གུར་གྱི་མགོན་པོ་གྲི་གུག་ལྷ་ལྔ་ག་ཡ་དྷ་རའི་ལུགས་ཐུན་མོང་མ་ཡིན་པ་དབང་བཞི་བསྐུར་ཚུལ་ཡོད་པ་དང་། གུར་ལྷ་བཅུ་གཉིས་མ། བརྒྱད་མ། བཅུ་བདུན་མ་རྣམས་ཀྱི་དབང་རྒྱ་གཞུང་ལུགས་རིག་པའི་དབང་ལྔ། སྐུ་གསུང་ཐུགས་ཀྱི་རྗེས་གནང་། བཟླས་ལུང་དང་བཅས་པ། དམ་པས་མཛད་པའི་མདོས་ཆོག་ཆེ་ཆུང་གི་ལུང་། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྟོག་པ་བཞི་པ་དང་། སྒྲུབ་ཡིག་ལས་ཚོགས་དང་བཅས་པ་མཐའ་དག་གི་ལུང་། ཁྲག་མདོག་དམར་པོ་ཡབ་ཡུམ་གྱི་རྗེས་གནང་། ཞང་བློན་རྡོ་རྗེ་བདུད་འདུལ་གྱི་ཕྱི་ནང་གསང་གསུམ་གྱི་རྗེས་གནང་། ཆོས་སྐྱོང་སེང་གེ་ནག་པོའི་རྗེས་གནང་། ཕག་མོ་ནག་མོའི་བྱིན་རླབས་དང་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། གཤེད་དམར་ལྷ་ལྔའི་རྫོགས་རིམ་ཤིན་ཏུ་སྤྲོས་མེད་དུ་གྲགས་པ་དཔལ་བིཪྺ་པའི་ལུགས་ཉམས་ཁྲིད་དུ་མཛད་ནས། བདག་བྱིན་གྱིས་བརླབ་པའི་རིམ་པ། འོད་གསལ་འཆར་བའི་བྱིན་རླབས། རྟེན་འབྲེལ་རྫས་ཀྱི་རྣལ་འབྱོར་གྱི་བྱིན་རླབས་རྣམས། Lamdre Volume acc. to Grags pa rgyal mtshan's catalogue, the pod ser? སླར་ཡང་ཤིན་ཏུ་གཅེས་པའི་མན་ངག་ལམ་འབྲས་གླེགས་བམ་དུ་[A:56]གྲགས་པ་རྗེ་བཙུན་ཆེན་པོའི་དཀར་ཆག་ལུགས་བཞིན་ཡོངས་སུ་རྫོགས་པའི་ལུང་། GuhyasamAja གསང་བ་འདུས་པའི་རྫོགས་རིམ་གྱི་ཡིག་ཆ་གསེར་སྡིངས་པ་གཞོན་ནུ་འོད་དང་། ཀུན་མཁྱེན་འཕགས་འོད་ཀྱིས་མཛད་པའི་ཆོས་ཚན་ཉི་ཤུ་རྩ་དྲུག་གི་ལུང་། བུ་སྟོན་གྱིས་མཛད་པའི་གསང་འདུས་ཀྱི་རྒྱུད་འགྲེལ་སོགས་ཆོས་ཚན་ལྔའི་ལུང་། Collected Works Theg chen chos rje, 2 vols., 101 sections ཡང་ཐེག་ཆེན་ཆོས་ཀྱི་རྒྱལ་པོའི་བཀའ་འབུམ་པོ་ཏི་གཉིས་ལ་ཆོས་ཚན་བརྒྱ་དང་གཅིག་དཀར་ཆག་གི་ལུགས་བཞིན་མ་ཚང་བ་མེད་པའི་ལུང་། སྒྲོལ་མ་དམར་མོས་འགྲོ་བ་དབང་དུ་བསྡུ་བའི་མན་ངག་རྒྱ་བོད་ཀྱི་སྒྲུབ་ཡིག་འགའ་ཤས་དང་། ཛམྦྷ་ལ་དམར་པོའི་ཡིག་སྣ་རྣམས་ཀྱི་ལུང་ཡང་ལེགས་པར་གསན་ནོ། །
Teachings from Byams pa gling pa bsod nams rnam rgyal; A: pp. 56-58 ཡང་ས་གསུམ་མཁས་པའི་གཙུག་རྒྱན་ཐེག་པ་མཐའ་དག་གི་རིང་ལུགས་པ་ཆེན་པོ། སྙིགས་