R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 19b
[B:19b]མའི་དུས་འདིར་ཐུབ་པའི་དབང་པོ་གཉིས་པར་གྱུར་པ་མཁན་ཆེན་ཐམས་ཅད་མཁྱེན་པ་བསོད་ནམས་རྣམ་པར་རྒྱལ་བའི་དྲུང་ནས་དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་དུ་ཐུན་མོང་བྱིས་པ་འཇུག་པའི་དབང་བདུན། གོང་མ་ཀུན་རྫོབ་དྲང་བའི་དབང་བཞི། དོན་དམ་བདག་པོ་ཆེན་པོའི་དབང་[A:57]རྣམས་རྫོགས་པར་གསན།གཞན་ཡང་སངས་རྒྱས་མཉམ་སྦྱོར་གྱི་དབང་། མཉམ་སྦྱོར་རྡོ་རྗེ་སེམས་དཔའི་ཟུར་བཀའ། གདན་བཞི་ལྷ་མང་གི་དབང་། སངས་རྒྱས་ཐོད་པ་ལྷ་ཉེར་ལྔའི་དབང་། ཡང་སངས་རྒྱས་ཐོད་པ་ལྷ་དགུའི་དབང་། རྡོ་རྗེ་འཇིགས་བྱེད་ལྷ་དགུ་རོ་ལངས་བརྒྱད་བསྐོར་དུ་གྲགས་པའི་དབང་། རྡོ་རྗེ་འཇིགས་བྱེད་དོན་ཡོད་རྡོ་རྗེའི་ལུགས་གཤིན་རྗེ་ཕོ་བརྒྱད་མོ་བརྒྱད་ཀྱི་བསྐོར་བ་ལྷ་བཅུ་བདུན་མའི་དབང་། འདི་རྣམས་སོ་སོའི་རྒྱུད་འགྲེལ། སྒྲུབ་དཀྱིལ་ལས་ཁ་ཚར་དང་བཅས་པའི་ཡིག་ཆ་མཐའ་དག་གི་ལུང་།ཡང་གསང་བ་འདུས་པའི་ཡིག་ཆ། སྒྲུབ་ཐབས་ཀུན་ཏུ་བཟང་པོ་སོགས་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པའི་ཆོས་ཚན་བཅུ་གཉིས་ཀྱི་ལུང་། རྣལ་འབྱོར་རྒྱུད་ཀྱི་ཡིག་ཆ་རྒྱ་གཞུང་དེ་ཉིད་འདུས་པའི་འགྲེལ་ཆེན་གྱི་སྟོད་འགྲེལ་སོགས་ཆོས་ཚན་བཅུ་བཞིའི་ལུང་། འཇམ་དཔལ་མཚན་བརྗོད་རྣལ་འབྱོར་རྒྱུད་དུ་འགྲེལ་བ་ལ་ལུགས་གསུམ་གྱི་དང་པོ་ནམ་མཁའ་དྲི་མེད་ཆུང་བར་གྲགས་པའི་དབང་དང་། དཀྱིལ་ཆོག་ཡོན་ཏན་འབྱུང་གནས་ལུགས་ཀྱི་དབང་། དེ་དག་གི་རྒྱབོད་ཀྱི་ཡིག་ཆ་མཐའ་དག་གི་ལུང་། རྭ་ལུགས་མགོན་པོ་སྔོན་འབྱུང་[A:58]ལྷ་དྲུག་གི་རྗེས་གནང་། གུ་རུ་དྲག་པོའི་དབང་། གཟའ་མཆོག་རཱ་ཧུ་ལའི་རྗེས་གནང་། ཚེ་དཔག་མེད་ལྷ་དགུ་ཛེ་ཏཱ་རིའི་ལུགས་ཀྱི་དབང་། གཙུག་ཏོར་རྣམ་རྒྱལ། ལྷ་མངས་སྐུ་གྲགས་པའི་དབང་། གཟུངས་སོགས་ཡིག་ཆ་འགའ་ཤས་ཀྱི་ལུང་། སྲུང་བ་ལྔའི་དབང་། དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་སུམ་བརྒྱ་པའི་བཤད་པ་རྒྱས་པཀ་ལཱ་པ་ལ་སོགས་པ་སྒྲའི་བསྟན་བཅོས་དང་། མེ་ལོང་མ