[B:20a]ལ་སོགས་པ་སྙན་དངགས་ཀྱི་བསྟན་བཅོས་དང་། རིན་ཆེན་འབྱུང་གནས་ལ་སོགས་པ་སྡེབ་སྦྱོར་གྱི་བསྟན་བཅོས་དང་། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཆ་ལག་དང་
བཅས་པ་ལ་ཐོས་བསམ་དཔྱིས་ཕྱིན་པ་མཛད་པའོ། །
Teachings from Dus zhabs pa Don grug kun dga'; A: pp. 58-59
ཡང་དུས་ཀྱི་འཁོར་ལོ་ཕྱི་ནང་གཞན་གསུམ་གྱི་དོན་ལ་ཤིན་ཏུ་མཁས་པ་དུས་ཞབས་པ་དཔལ་དོན་གྲུབ་ཀུན་དགའཨི་བཀའ་དྲིན་ལས། བདེ་མཆོག་སྦྱངས་པའི་ཡོན་ཏན་རྡོ་རྗེ་མཁའ་འགྲོའི་དབང་། བདེ་མཆོག་སྡོམ་འབྱུང་གི་འགྲེལ་པ་པདྨ་ཅན་གྱི་ལུང་། དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་ཡོངས་སུ་རྫོགས་པ། དེའི་རྒྱུད་འགྲེལ་གྱི་བཤད་པ།
ཁྱད་པར་རྩིས་ཀྱི་སྐོར་ལ་འབུར་དུ་དོད་པའི་ལེགས་པར་[A:59]བཤད་པའི་སྒོ་ནས་མཐར་ཕྱིན་པའི་མཁྱེན་པ་གང་བར་མཛད། མདོ་ཏིང་ངེ་འཛིན་རྒྱལ་པོའི་འགྲེལ་པ་གྲགས་པའི་ཕྲེང་བ་ཞེས་པ་སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པའི་ལུང་། གྲོ་ལུང་པ་བློ་གྲོས་འབྱུང་གནས་ཀྱི་བསྟན་རིམ་ཆེན་མོའི་ལུང་རྣམས་སོ། །
Teachings from Vanaratna; A: p. 59
ཡང་རྒྱ་གར་ཤར་ཕྱོགས་སཏྣ་ག་རའི་པཎྜི་ཏ་ཆེན་པོ་ངེས་པར་མཆོག་གི་དངོས་གྲུབ་བརྙེས་པ་དཔལ་ནགས་ཀྱི་རིན་པོ་ཆེའི་དྲུང་དུ་ཡང་། དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བཞི་ཡོངས་སུ་རྫོགས་པ། དཔལ་འཁོར་ལོ་སྡོམ་པ་ལཱུ་ཧི་པའི་ལུགས་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པ། རྡོ་རྗེ་ཕག་མོ་ཞལ་གཉིས་མའི་བྱིན་རླབས། མགོན་པོ་ཕྱག་བཞི་པའི་རྗེས་གནང་། ཚེ་དཔག་མེད་ལྷ་དགུའི་དབང་། མཚན་བརྗོད་ཕན་ཡོན་དང་བཅས་པ། བཟང་སྤྱོད་དང་སྒྲོལ་མ་རྣམས་ཀྱི་ལུང་། བྱང་ཆུབ་སེམས་བསྐྱེད་རྣམས་ལེགས་པར་གསན་ནོ། །