R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 27b
[B:27b]འབྱོར་བཟང་པོའི་དྲུང་དུ། ཤངས་པའི་ཟབ་ཆོས་རྣམས་ཆ་ལག་དང་བཅས་པ་ལ། དང་པོ་ནི་གུ་ཆོས་དྲུག་ལ་ཡང་། ཐོག་མར་སྨིན་བྱེད་དབང་ལ་ཁོག་འབུབས་ཀྱི་བཀའ་གཉིས་དང་། གཞུང་ཤིང་གི་བཀའ་བདུན་ལས། དང་པོ་ལ་རྒྱུད་སྡེ་ལྔའི་དབང་དང་། བདེ་མཆོག་གི་དབང་བཞི་ལུས་ལ་བསྐུར་བ་གཉིས་ཀྱི་དབང་བཞི་རྫོགས་པ། གཞུང་ཤིང་གི་བཀའ་བདུན་ལ། སྤྱིའི་བཀའ་སྒྱུ་ལུས་ཀྱི་དབང་མོ་ཆེ་དང་། སྒོས་ཀྱི་བཀའ་ཐབས་ལམ། སྒྱུ་ལུས། རྨི་ལམ། འོད་གསལ། འཕོ་བ། བར་དོ་རྣམས་ཀྱི་བཀའ་སོ་སོར་གསན་ཞིང་། སོ་སོའི་གྲོལ་ལམ་རྣམས་ཉམས་མྱོང་ཐུགས་རྒྱུད་ལ་སྐྱེས་སྐྱེས་སུ་ཉམས་ཁྲིད་དུ་གསན་ནས། དེ་དག་གི་ཡིག་ཆའི་རིམ་པ་ལ། ནི་གུ་མའི་རྣམ་ཐར་མགོ་ན་ཡོད་པའི་བརྒྱུད་པ་རིན་ཆེན་སྣ་བདུན་སོགས་ཆོས་ཚན་བརྒྱ་དང་ཉི་ཤུ་རྩ་དགུ་རྣམས་ལེགས་པར་གསན་ནོ། ། Main Teachers and Training དེ་དག་ནི་བསྟེན་ཡུན་རིང་ཞིང་མཁས་པར་སྦྱངས་པས་བཀའ་དྲིན་ཆེ་བ་རྣམས་ཡིན་ཞིང་། དབང་རྗེས་གནང་། ལུང་མན་ངག་ཙམ་གསན་པ་ནི། སྙེ་ཐང་ཆོས་རྗེ་བློ་གྲོས་བརྟན་པ་བཞི་པཨར་དགེ་[A:84]མཁན་ཆེན་སྒྲིབ་པ་ནག་པོསྙེ་མདོ་བ་ཆོས་རྗེ་ཤཱཀྱ་དཔལ་བ་རྣམས་སོ།། གཞན་ཡང་བཀའ་ལུང་རྣམ་དག་ཏུ་འདུག་ན། རང་ཉིད་མཁས་པ་དང་ཆེ་བའི་ང་རྒྱལ་མི་མཛད་པར། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པའི་རྣམ་ཐར་ཕྱག་བཞེས་སུ་བཏབ་སྟེ། སྐྱེ་བོ་ཐ་མལ་བའི་ཚུལ་ལ་ཡང་གུས་པ་དང་བཅས་ཏེ་གསན་ནོ། ། དེ་ལྟར་གོང་དུ་སྨོས་པའི་བཀའ་དྲིན་མཉམ་མེད་བྲག་ཐོག་ཆོས་རྗེ་ནས་སྙེ་མདོ་བ་སྔགས་འཆང་ཤཱཀྱ་དཔལ་བའི་བར་གྱི་སྐྱེས་ཆེན་དམ་པ། མཁྱེན་བརྩེ་ནུས་མཐུ་འཕྲིན་ལས་ལ་སོགས་པ་བསྔགས་པར་འོས་པའི་ཡོན་ཏན་གྱི་ཕུང་པོ་བསམ་གྱིས་མི་ཁྱབ་ཅིང་གཞལ་དུ་མེད་པ་ཉི་ཤུ་རྩ་བཞི་པོ་དེ་རྣམས། དད་པ་དང་འདོད་པ་དང་ཡིད་ཆེས་པ་ལ་སོགས་པའི་ཐུགས་ཀྱི་དད་པས་ཡོངས་སུ་འཛིན་པ་དང་བླ་མར་བཀུར་ཞིང་བསྟེན་ལ་བདག་གིར་མཛད་དེ། ས་གཞི་དང་འབྲུ་དང་བཞོན་པ་དང་། གོས་དང་། རིན་པོ་ཆེ་ལ་སོགས་པའི་རྙེད་པས། ཕྱག་དང་། ལྡང་བ་དང་། སྟན་