[B:30a]བསླབ་པ་གསུམ་དང་རིམ་གཉིས་རྣལ་འབྱོར་ལ། །
ཉིན་མཚན་གཡེལ་བ་མེད་པར་བརྩོན་པའི་མཐུས། །
སྤངས་རྟོགས་ཡེ་ཤེས་ཕུན་ཚོགས་ཡོན་ཏན་ནི། །
ཟླ་ཤར་བདུད་རྩིའི་ཆུ་གཏེར་བཞིན་དུ་འཕེལ། །
ལུང་རིགསརིག་ཐོས་བསམ་འཁོར་ལོས་[A:92]སྒྲོ་འདོགས་བཅད། །
རྣམ་དག་སྡོམ་པ་གསུམ་གྱིས་ཐུགས་རྒྱུད་བཏུལ། །
མཁྱེན་བརྩེ་ནུས་མཐུས་བསྟན་པའི་རྒྱལ་མཚན་བཟུང་། །
མཁས་དང་གྲུབ་པའི་གཙུག་རྒྱན་གཅིག་པུར་གྱུར། །
དཔལ་ལྡན་བླ་མ་དམ་པའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད་ལས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་ཉམས་སུ་བཞེས་པའི་སྐབས་ཏེ་བརྒྱད་པའོ། །
CHAPTER 9: SPIRITUAL ACCOMPLISHMENTS; A: pp. 92-107; B: ff. 30a3-34b3
src: The input of the following chapter is done on the basis of the published text (A); readings of the blockprint (B) are not indicated
དགུ་པ་མཆོག་དང་ཐུན་མོང་གི་དངོས་གྲུབ་བརྙེས་པའི་ཚུལ་ནི།
ཀུན་ནས་རབ་ཏུ་དགའ་སོགས་ས་དང་ལམ། །
རྣམ་དག་རིམ་གཉིས་རྣལ་འབྱོར་གྱིས་བགྲོད་ནས། །
རྒྱལ་མཆོག་རྡོ་རྗེ་སེམས་དཔའི་གོ་འཕང་བརྙེས། །
དཔལ་གྱི་འབྱུང་གནས་འདྲེན་མཆོག་བཟང་པོ་རྒྱལ། །
ཆོས་ཉིད་ངོ་བོར་དབྱེ་བ་མེད་ཀྱང་རྒྱ་མཚོ་ཆེ་ལས་རྦ་རླབས་བཞིན། །
རྣམ་དག་ངོ་མཚར་བགྲང་ལས་འདས་མོད་མཐའ་དག་བརྗོད་པར་སུ་ཡིས་སྤོབས། །
ཚུར་མཐོང་བུས་པ་བདག་ཅག་རྣམས་ཀྱི་སྣང་ངོར་ཤར་བ་འདི་ཙམ་ཞིག།
སླད་ནས་སྐལ་ཅན་དད་པ་འཕེལ་ཏེ་ལམ་ལ་འབད་པའི་དོན་དུའོ། །
དེ་ཡང་བདག་ཅག་གི་བླ་མ་མཐུ་སྟོབས་ཀྱི་དབང་ཕྱུག་དེ་ཉིད་སྔོན་ཆོས་ཀྱི་བདུད་རྩིས་མཆོག་བརྙེས་ཀྱང་། སླད་ནས་ཞིང་འདིར་གདུལ་བྱ་རྣམས་ལམ་ལ་[A:93]འབད་པའི་གནས་སྐབས་དང་། མཐར་ཐུག་གི་འབྲས་བུ་ལ་སྤྲོ་བ་སྐྱེས་ནས། དད་པ་དང་། འདུན་པ་དང་། བརྟུལ་ཕོད་པ་དང་། བརྩོན་འགྲུས་ཀྱི་འཇུག་པ་མི་ལྷོད་པར་བྱ་བའི་དོན་དུ། དངོས་གྲུབ་བརྙེས་པའི་རྟགས་དང་མཚན་མ་བྱུང་བའི་ཚུལ་བསྟན་པ་ནི།
སྐུ་ན་ཕྲ་མོའི་དུས་མེས་པོ་ཡིན་ཟེར་བའི་མི་ནག་པོ་སྨ་ར་དང་ཐོར་ཅོག་དཀར་པོ་ཡོད་པའི་རྐང་དུང་བཟུང་བ་ཞིག་གིས་གཏོར་ཟན་སྐམ་པོ་སྟེར་ཞིང་ཁྱོད་ཀྱི་གྲོགས་ངས་བྱེད་པ་ཡིན་ཟེར་བ་སྐབས་སུ་བྱུང་གསུང
གསུངས་བས། དེ་དུས་ནས་གཉན་