R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 30b
[B:30b]མགོན་ཞལ་བཞི་པས་རྗེས་སུ་གཟུང་བར་གྲགས་སོ། ། ཡང་རྗེ་བྱམས་པ་གླིང་པའི་དྲུང་དུ་ཕྱག་རྡོར་ཨུ་ཙ་རྱའི་རྗེས་གནང་ཞུས་ཤིང་སྒྲུབ་ཐབས་ཀྱི་ཐུགས་རྩོམ་ཡང་ཞུས་ནས། སྐུ་་ཕྲ་མོ་ཡིན་ཀྱང་ཐུགས་བརླིང་བ་དང་ཐུགས་དམ་བསྙེན་སྒྲུབ་ལ་བརྩོན་པར་མཛད་པ་དང་། བསྟན་པ་རིན་པོ་ཆེའི་སྒོར་འཇུག་པ་ལ་ཐུགས་ཤིན་ཏུ་བརྣགས་པར་བྱུང་དུས། མནལ་ལམ་དུ་ཐམས་ཅད་མཁྱེན་པ་བྱམས་པ་གླིང་པ་བྱོན་ཏེ་ལོགས་ཤིག་ལ་ཕྱག་རྡོར་གྱི་སྐུ་ཞིག་འདུག་པ་བསྟན་ནས། "འདིའི་སྐུའི་ཐད་སོར་བསྐྱེད་བསྲིངས་པ་ན་བུ་ཁྱོད་ཀྱི་འདོད་པ་འགྲུབ་བོ་"གསུང་བའི་ལུང་བསྟན་གསལ་[A:94]པོར་བྱུང་བ་དང་། ཕྱིསགོང་དཀར་དུ་ཕེབས་དུས་གཟིམས་ཆུང་བར་ཞེས་པ་ན་ལོགས་བྲིས་ལ་ཕྱག་རྡོར་གྱི་སྐུ་བྱིན་རླབས་ཅན་ཞིག་བཞུགས་པ་ལ་གུས་པ་དྲག་ཏུ་མཛད་ཅིང་། སྔར་གྱི་མནལ་ལམ་དྲན་ཏེ། ཕལ་ཆེར་སྐུ་འདིའི་ཞབས་ཀྱི་ཐད་སོར་ཡན་ལག་དང་པོས་རེག་པ་ན་བསྟན་པའི་སྒོར་ཞུགས་ཆོག་པར་ངེས་སྙམ་དུ་སྐུ་བསྐྱེད་ལ་ཐུགས་འདུན་དྲག་པོར་མཛད་དེ་གསོལ་བ་བཏབ་པས། སླར་རབ་ཏུ་བྱུང་བ་སྒྲུབ་པ་དང་། དེའི་སྐུའི་ཐད་དུ་སྐུ་བསྐྱེད་བསྲིངས་པ་མཉམ་དུ་བྱུང་བས། སྔར་གྱི་ལུང་བསྟན་ལ་ངེས་པ་ཐོབ་ཅིང་བྲིས་སྐུ་ལ་ཡང་བསྔགས་པར་མཛད་དོ། །
ཡང་སྲིད་ཀྱི་ཚུལ་མ་སྤངས་པའི་སྐབས་སུ་ཡང་། གོང་དཀར་ལ་སྐྱིད་གཙང་འདྲེས་པའི་ཆུ་བོའི་གནོད་པ་གཏད་ཚུགས་སུ་བྱུང་བ་ན། ཡི་དམ་རྡོ་རྗེ་ཕུར་པའི་སྒོ་ནས་དེའི་ཐད་དུ་ཐུགས་དམ་བསྙེན་ཕུར་བཙུགས་ནས་བཀའ་བསྒོས་ཤིང་། དེའི་ཕྱི་ལ་མཆོད་རྟེན་བརྩིགས་པ་ན། ཇི་ལྟར་བསྒོ་བ་བཞིན་དུ་ཆུའི་གནོད་པ་ཕྱིར་བཟློག་པས་རྣལ་འབྱོར་དབང་ཕྱུག་བིར་ཝ་པ་དང་མཚུངས་པ་ཉིད་ན། སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ཁྱད་པར་གྱི་དོན་དུ་བསམས་བཞིན་སྐྱེ་བ་བཞེས་པ་ཞིག་གོ། ཞེས་ཀུན་གྱིས་[A:95]བཀུར་ཞིང་རྗེ་བཙུན་བྲག་ཐོག་པ་ཆེན་པོས་ཀྱང་། དེ་དུས་མཚན་འཇིགས་མེད་དཔའ་བོ་ཞེས་པར་མངའ་གསོལ་ནས། དེ་དང་མཐུན་པར་ཕུར་པའི་རིག་འཛིན་བསྐུལ་བའི་སྐབས་སུ་བསྟོད་བསྔགས་མཛད་དོ། ། ཕྱིས་ཡི་དམ་ཆོས་སྐྱོང་སོ་སོ་ལ་བསྙེན་ཞིང་སྒྲུབ་པ་