R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 3b
[B:3b]བདག་ཉིད་ཅན་གྱི་[A:6]ཐེག་ པའི་དགའ་སྟོན་ལ་སྦྱར་ཏེ། མཁས་པ་དང་གྲུབ་པ་དག་གིས་སའི་ཁོར་ཡུག་མ་ལུས་པ་ཁྱབ་པར་མཛད་པ་ནི། ལྷ་དང་བཅས་པའི་འཇིག་རྟེན་མ་ལུས་པའི་འདྲེན་སྐྱབས་ཟླ་མེད་པ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྒྱུ་འཕྲུལ་གྱི་སྣང་བརྙན་དཔལ་ས་སྐྱ་པ་ཆེན་པོ་ཡབ་སྲས་སློབ་བརྒྱུད་དང་བཅས་པ་ཡིན་ལ། དེ་ལྟ་བས་ན་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང་། ཁྱད་པར་གྱི་བསྟན་པ་མཆོག་དང་བཅས་པ་ནི་དུས་སྙིགས་མ་ལྔ་བདོ་བའི་དབང་གིས་ཅུང་ཟད་དྲི་མ་ཅན་དུ་འགྱུར་བའི་གནས་ལ་ཉེ་བ་ན། སླར་ཡང་རྒྱལ་བ་ཐམས་ཅད་གསུང་རྡོ་རྗེ་ཉིད་ཀྱི་རྣམ་པར་འཕྲུལ་པ་ཐུ་བཙུན་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོར་གྲགས་པའི་ཆོས་ཀྱི་ཉི་མ་དམ་པ་བལྟམས་ཏེ། རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་མ་ཚང་བ་མེད་པ་ལ་ཐོས་བསམ་སྒོམ་གསུམ་ཕྱག་བཞེས་སུ་བཏབ། ཆོས་ཐམས་ཅད་ལ་ཇི་སྙེད་པ་མཁྱེན་པ་དང་། ཇི་ལྟ་བ་གཟིགས་པའི་སྤྱན་རས་ཡངས་པར་གྱུར་པས། འཆད་རྩོད་རྩོམ་པ་ལ་སོགས་པ་མཁས་པའི་བྱ་བ་རྣམ་གསུམ་གྱིས་མཁས་པ་དང་གྲུབ་པའི་ཚོགས་ཐམས་ཅད་ཀྱི་སློབ་[A:7]དཔོན་དུ་གྱུར། རིགས་བརྒྱའི་ཁྱབ་བདག་རྒྱལ་བ་རྡོ་རྗེ་སེམས་དཔའ་ཉིད་དང་དབྱེར་མ་མཆིས་པས། ཕྱི་ནང་གི་གསང་སྔགས་རྒྱ་མཚོའི་དཀྱིལ་འཁོར་ཆེན་པོའི་འཇིང་ནས་དབང་གི་ཆུ་བོ་ཆད་པ་མེད་པར་འབེབས་པའི་རྡོ་རྗེའི་སློབ་དཔོན་བླ་ན་མེད་པའི་གོ་འཕང་དང་ཕྲིན་ལས་ལ་དབང་འབྱོར་བ་ཅན། Merit and Meaning of Composition མདོར་ན་བསྟན་པ་འདི་ཉིད་ལ་རྒྱལ་བ་ཤཱཀྱ་སེང་གེ་དང་རྣམ་པར་ཐར་པ་མཚུངས་པ་ནི་རྗེ་བཙུན་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོ