R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 31b
[B:31b]ཆུང་ངུ་ཙམ་ལས་མ་རྙེད་པས། རྗེ་ཉིད་ཀྱིས་དེའི་ཁ་ལ་ སྐུའི་དབྱིབས་ཇི་ལྟ་བའི་སྐྱ་རིས་གནང་། ནངས་པར་ཆས་རིག་བྱེད་མཁྱེན་བརྩེ་བས་[A:97]ཚོན་རིས་རྫོགས་པར་མཛད་ཅིང་། ཤིན་ཏུ་གཅེས་སྤྲས་ཀྱི་ངང་ནས་མཆོད་གཏོར་གྱི་དབུས་སུ་ཡུན་རིང་དུ་བཞུགས་པ་ལས། ནམ་ཞིག་ན་ཉེ་གནས་ཆེན་མོ་བརྒྱ་བྱིན་པ་སྐུ་ཁམས་མ་བདེ་བའི་དུས། བྲི་སྐུ་འདིའི་སྟེང་ནས་རྗེས་གནང་ཚར་འགའ་གནང་། རེ་ཞིག་སྔས་སྲུང་གི་ཚུལ་དུ་བཞུགས་པ་ལས། དེང་སང་ཡང་ཁོང་པའི་སྒེར་གཞིས་རྣམ་རྒྱལ་རབ་བརྟན་ན་རྟེན་གསུམ་ཀུན་གྱི་གཙོ་བོར་བཞུགས་སོ། ། ཆོས་སྐྱོང་གི་བསྐང་གསོ་མདོས་གཏོར་གྱི་དུས། པུ་ཏྲ་ལྕམ་སྲིང་དང་བཅས་པ་རྣམས་འཆམ་པར་བྱ་བའི་ཕྱིར་ཞལ་འབག་རྣམས་སོ་སོར་གྲུབ་སྟེ། འཆམ་གྱི་རིམ་པ་ཇི་ལྟར་བྱ་བའི་དགོངས་པ་གཏད་མཚམས་མཚན་གཅིག་གཟིམས་ལམ་དུ་མི་ནག་པོ་ཞིག་གིས་ད་ལྟ་བགྱི་བའི་འཆམ་གྱི་རིམ་པ་ཚར་གཅིག་བགྱིས་པ་ན། མནལ་སད་དེ་ཆོས་སྐྱོང་ཉིད་ཀྱིས་བསྟན་པར་ཐུགས་ཀྱི་ངེས་པ་རྙེད་ནས། དུས་མི་རིང་བརརྡོ་རྗེའི་སློབ་བུ་རྣམས་ལ་འཆམ་གྱི་རིམ་པ་ཇི་ལྟ་བ་བཞིན་བསླབ་སྦྱངས་གནང་། དེ་དང་རྗེས་སུ་མཐུན་པར་འཆམ་ཡིག་ཀྱང་ཐུགས་རྩོམ་ཕྱག་བྲིས་སུ་བཏབ་བོ། ། ཡང་སྐུ་ཞང་འཇམ་དབྱངས་པ་ཆོས་སྐྱོང་ལ་མངའ་བརྙེས་པ་ཡིན་པས་ནམ་ཞིག་ན་པུ་ཏྲ་ལྕམ་སྲིང་[A:98]རྣམས་ནམ་མཁར་བྱོན་དུས་མཆོད་གཏོར་འབུལ་བར་བརྩམས་པ་ན་མྱུར་དུ་ཕུལ། དེར་གོང་དཀར་ལ་འགྲོ་དགོས་ཡོད་གསུང་བ་བྱུང་ཚུལ་གྱི་འཕྲོས་ཟབ་མོ་ཡོད། Pilgrimage to Sa skya and Kha'u དཔལ་ལྡན་ས་སྐྱ་མཇལ་བར་ཐེགས་པ་གནང་དུས། གཙུག་ལག་ཁང་དང་རྟེན་གསུམ་སོ་སོར་མཆོད་རྫས་ཀྱི་བྱེ་བྲག་ཇི་སྙེད་པ་དུས་གསུམ་ཁེགས་པར་འབུལ་བ་གནང་ཞིང་། ཁྱད་པར་སྒོ?རྒུ་རུམ་དུ་བསེ་འབག་མཇལ་བ་ན། ལ་ལར་ལས་དག་མ་དག་གི་མཐོང་སྣང་ཅི་རིགས་པར་འཆར་བ་ཡིན་འདུག་པ་ལ། རྗེ་བཙུན་གྱིས་སྐུ་ཡོངས་སུ་རྫོགས་པ་གཟི་མདངས་དང་བཅས་པར་གཟིགས་ནས། དེར་ཅུང་ཟད་ཐུགས་ཉམས་