R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 33a
[B:33a]ཞལ་གཟིགས། དེ་དག་རྗེ་རས་ཆེན་ཉིད་ཀྱིས་མཁྱེན་ཏེ། བསྟོད་བསྔགས་དཔག་ཏུ་མེད་པ་མཛད་པ་དང་། སླར་[A:102]ཐུགས་དམ་གཏོར་མ་ལ་ཐུགས་རྩིས་ཆེ་བའི་ཅུང་ཟད་རེ་བཞེས་པ་སོགས་ཀྱང་གནང་། གཞན་ཡང་རྗེ་ཉིད་ཀྱི་ཚེམས་ཞིག་བྱོན་པ་ལྷ་སྲས་རྣམ་པར་དཀར་བའི་ཐུགས་བརྟན་ཞིང་མཐུ་སྟོབས་ཀྱི་དབང་ཕྱུག་ལྷ་དབང་ཀུན་དགའི་མོས་པའི་རྟེན་དུ་བཞུགས་པ་ལ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ཀྱི་སྐུ་འབུར་དུ་དོད་པ་ངོ་མཚར་བ་ལས་ཀྱང་ཆེས་ངོ་མཚར་བ་ཞིག་བྱོན་པ་དང་། ཡང་ཚེམས་གཅིག་ཐུགས་སྲས་ཀུན་དགའ་རྒྱལ་པོ་ལ་བྱིན་རླབས་ཀྱི་རྟེན་དུ་སྤོས་ཤེལ་གྱི་བུམ་པ་སོགས་རིན་པོ་ཆེ་སྣ་ཚོགས་ཀྱི་མཆོད་སྡོང་གི་ནང་དུ་བཞུགས་སུ་གསོལ་ཡོད་པ་ལ། ནམ་ཞིག་ན་རིང་བསྲེལ་ཁ་དོག་སྣ་ཚོགས་པ་ཞག་རེ་ལའང་ཆེར་འཕེལ་བས་བུམ་པའི་གནས་དོག་པ་ཙམ་གྱི་ངོ་མཚར་བར་གྱུར་པའི་ཚེ། སྨྱུག་ལ་ཆོས་རྗེ་ངག་དབང་པས་དེ་ཉིད་ལ་བསྔགས་པའི་བསྟོད་ཚིག་དྲི་མེད་དད་པའི་སྤུ་ལོང་གཡོ་བྱེད་ཅེས་པའི་སྙན་ངག་ཕུལ་ཞིང་། ཁོང་རང་གི་ཕྱག་ན་ཡང་ཚེམས་གཅིག་སྔ་ནས་ཡོད་པ་ལ། གཞན་དུ་འདི་འདྲ་བའི་ངོ་མཚར་འབྱུང་ན་བདག་ཅག་གི་དད་པའི་རྟེན་ལ་ཅིའི་ཕྱིར་མི་འབྱུང་སྟེ། ཕ་བླ་མ་དེའི་ཐུགས་རྗེའི་གཟིགས་པ་ལ་ཕྱོགས་རིས་མི་མངའ་བའི་ཕྱིར་[A:103]ཞེས་གསོལ་བ་ཆེད་དུ་བཏབ་པ་ལ་རིང་བསྲེལ་མང་དུ་ཕེབས་པ་ཡང་བྱུང་ངོ་། ། ཡང་རྗེ་ཉིད་ཀྱི་ཐུགས་དམ་གྱི་མདོ་འཛིན་སྤོས་ཤེལ་ལས་གྲུབ་པ་གཅིག་གི་བུག་པའི་ནང་དུ་ཁྱབ་བདག་རྡོ་རྗེ་འཆང་གི་སྐུ་སྟོད་གཡོགས་དང་བཅས་པའི་རང་བྱོན་ཕྱི་ནས་ཤིན་ཏུ་གསལ་བར་མཐོང་བ་ཞིག་བྱོན་པ་ལ། སླར་སྨདརྨདརྨད་རྟེན་དང་ཏོག་གི་ཚུལ་གྱིས་སྤྲས་ཏེ་བཞུགས་པར་བྱས་པ་སོགས་ངོ་མཚར་བའི་གནས་མང་ངོ་། །མདོར་ན་དཀྱིལ་འཁོར་ཀུན་གྱི་གཙོ་བོར་ངེས་ཏེ།