[B:37b]གཡས་ཀྱི་ཐད་ཀ་བའི་མདུན་ན་རྟ་མཆོག་གི་ཁྲི་ལ་ལྷོ་ཕྱོགས་ཀྱི་བཅོམ་ལྡན་འདས་རིན་ཆེན་འབྱུང་གནས་སོ། ། དབུའི་ཐད་གཡོན་གྱི་ཀ་[A:118]བའི་མདུན་ན་རྨ་བྱའི་ཁྲི་ལ་ནུབ་ཕྱོགས་ཀྱི་བཅོམ་ལྡན་འདས་འོད་དཔག་མེད་དོ། ། གཡོན་ཟུར་གྱི་ཀ་བའི་མདུན་ན་མཁའ་ལྡིང་གི་ཁྲི་ལ་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་རྣམས་དེ་ནས་པད་སྡོང་ཅུང་ཟད་འཕགས་པ་ཟླ་གདན་དང་བཅས་པ་རྣམས་ལ། ཤར་ཕྱོགས་ཀྱི་སེམས་དཔའ་བཞི་རིམ་པ་བཞིན་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་རྒྱལ་པོ་དང་། རྡོ་རྗེ་ཆགས་པ་
དང་། རྡོ་རྗེ་ལེགས་པའོ། ། ལྷོ་ཕྱོགས་ཀྱི་སེམས་དཔའ་བཞི་ལ་རྡོ་རྗེ་རིན་ཆེན་དང་། རྡོ་རྗེ་གཟི་བརྗིད་དང་། རྡོ་རྗེ་རྒྱལ་མཚན་དང་། རྡོ་རྗེ་བཞད་པའོ། ། ནུབ་ཕྱོགས་ཀྱི་སེམས་དཔའ་བཞི་ལ་རྡོ་རྗེ་ཆོས་དང་། རྡོ་རྗེ་རྣོན་པོ་དང་། རྡོ་རྗེ་རྒྱུ་དང་། རྡོ་རྗེ་སྨྲ་བའོ། ། བྱང་ཕྱོགས་ཀྱི་སེམས་དཔའ་བཞི་ལ་རྡོ་རྗེ་ལས་དང་། རྡོ་རྗེ་བསྲུང་བ་དང་། རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་ཁུ་ཚུར་རོ། ། དེ་ནས་ཤར་ལྷོ་ལ་སོགས་པའི་ནང་གི་གྲྭ་བཞི་ལ་རྡོ་རྗེ་སྒེག་མོ་དང་། རྡོ་རྗེ་ཕྲེང་བ་མ་དང་། རྡོ་རྗེ་གླུ་མ་དང་། རྡོ་རྗེ་གར་མ་མའོ། ། སེམས་དཔའ་རྣམས་ཀྱི་ཕྱི་རོལ་གྱི་ཕྱོགས་བཞིར་ནང་གི་སྒོ་བ་བཞི་ནི། རྡོ་རྗེ་ལྕགས་ཀྱུ་དང་། རྡོ་རྗེ་ཞགས་པ་དང་། རྡོ་རྗེ་ལྕགས་སྒྲོག་དང་། རྡོ་རྗེ་འབེབས་པའོ།
།དེ་ནས་ཕྱིའི་ཤར་ལྷོ་ལ་སོགས་པའི་གྲྭ་བཞིར། རྡོ་རྗེ་བདུག་པ་[A:119]མ་དང་། རྡོ་རྗེ་མེ་ཏོག་མ་དང་། རྡོ་རྗེ་མར་མེ་མ་དང་། རྡོ་རྗེ་དྲི་ཆབ་མ་སྟེ་རྩ་བའི་ལྷ་རྣམས་དང་། རི་མོར་བཞུགས་པ་ལ། ཤར་ཕྱོགས་ཀྱི་ལོགས་ལ་བྱམས་པ་ལ་སོགས་པའི་བསྐལ་བཟང་གི་སེམས་དཔའ་ཉིས་བརྒྱ་དང་ཞེ་དགུ། ལྷོ་ཕྱོགས་ཀྱི་ལོགས་ལ་དཔལ་སྦས་ལ་སོགས་པའི་སེམས་དཔའ་ཉིས་བརྒྱ་དང་ཞེ་དགུ། ནུབ་ཕྱོགས་ཀྱི་ལོགས་ལ་ཡེ་ཤེས་གྲགས་པ་ལ་སོགས་པའི་སེམས་དཔའ་ཉིས་བརྒྱ་དང་ཞེ་དགུ། བྱང་ཕྱོགས་ཀྱི་ལོགས་ལ་སྤྱན་སྡུག་པའི་ཞལ་ལ་སོགས་པའི་སེམས་དཔའ་ཉིས་བརྒྱ་དང་ཞེ་དགུ་རྣམས་བཀོད་པའི་ཁྱད་པར་དང་བཅས་ཏེའོ།
།སྒོ་དང་ཕྱོགས་གཞན་གྱི་དཀར་གསལ་རྣམས་ཀྱི་གཡས་གཡོན་གྱི་ལོགས་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་ལ་མཆོད་པའི་ལྷ་མོ་རིག་མ་བཅུ་དྲུག་དང་། དེ་རྣམས་ཀྱི་སྟེང་ན་ཡང་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ཕྱིའི་སྒོ་བ་བཞི་རྣམས་བཞུགས་ཤིང་། གཞལ་མེད་ཁང་པ་དེའི་སྟེང་ཕྱོགས་མདོག་དང་། རྩིག་པ་ལྔ་སྦྲག་