R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 38b
[B:38b]བདག་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་དང་།
16
བླ་མ་རྡོ་རྗེ་སེམས་དཔའི་ངོ་བོར་གཟིགས་ཤིང་བྱིན་རླབས་ཀྱི་རྒྱུན་ཞུགས་པ་ཚོགས་སྒོམ་པ་ཀུན་དགའ་དཔལ་དང་།
17
འགྱུར་མེད་བདེ་ཆེན་གྱི་ཡེ་ཤེས་བླ་ན་མེད་པ་བརྙེས་[A:122]པ་ཉན་ཆེན་པ་བསོད་ནམས་བརྟན་པ་དང་།
18
གཅིག་ཏུ་དབེན་པ་ལ་གཞོལ་བས་ཏིང་ངེ་འཛིན་གྱི་སྒོ་དུ་མ་ལ་དབང་འབྱོར་བ་ བྲག་ཕུག་པ་བསོད་ནམས་དཔལ་དང་།
19
མཁྱེན་རབ་དང་ཐུགས་རྗེ་རྨད་དུ་བྱུང་བའི་ཅོད་པཎ་གྱིས་ཀུན་མཁྱེན་གཉིས་པར་དབང་བསྐུར་བ་ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་དང་།
20
རིག་པའི་གནས་མ་ལུས་པ་ལ་དབང་འབྱོར་བ་ས་བཟང་པ་བློ་གྲོས་རྒྱལ་མཚན་དང་།
21
མཁྱེན་པའི་དཀྱིལ་འཁོར་རབ་ཏུ་རྒྱས་པའི་བདེན་པ་གཉིས་ཀྱི་གནས་ལུགས་ལྐོག་ཏུ་མ་གྱུར་པའི་བདག་ཉིད། ཐེག་ཆེན་ཆོས་ཀྱི་རྒྱལ་པོ་ཀུན་དགའ་བཀྲ་ཤིས ་དང་།
22
གསང་སྔགས་རྒྱ་མཚོའི་ཕ་རོལ་སོན་ཞིང་བསྟན་སྲུང་རྣམས་ཀྱི་ཕྲིན་ལས་ཐོགས་པ་མེད་པར་སྒྲུབ་པ་མཐུ་སྟོབས་ཀྱི་དབང་ཕྱུག་བྲག་ཐོག་ཆོས་རྗེ་བསོད་ནམས་བཟང་པོ་དང་།
23
མི་འཕྲོག་པའི་མཁྱེན་རབ་དང་ཐུགས་རྗེ་ཚད་མེད་པའི་འབྱུང་གནས་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རིགས་ཐམས་ཅད་ཀྱི་གཙོ་བོ་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པ་ རྗེ་བཙུན་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་ཞབས་[A:123]རྣམས་སོ། །སྐུ་འདི་དག་ནི་སྒྲུབ་དུས་བཟོ་ཁང་མཐིལ་དུ་བགྱིས་ཏེ་ལེགས་པར་གྲུབ་ནས། གནས་འདི་རུ་བཅའ་བདེ་བར་སྤྱན་དྲངས་པ་ཡིན་པ་ལ། ཕྱིས་རྗེས་བཙུན་དམ་པ་ཉིད་ཀྱི་གསེར་སྐུ་ཚད་མ་ད་ལྟ་ཀུན་དགའ་རྭ་བའི་དབུས་ན་བཞུགས་པ་འདི་བཞེངས་དུས། གོས་རྒྱུད་ལ་སོགས་པའི་དཔེ་བླང་བའི་ཕྱིར། བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏའི་སྐུ་འདི་ནུབ་ཀྱི་སྒོ་མང་མདུན་དུ་སྤྱན་འདྲེན་པར་བརྩམས་པ་ན། ཐབས་འཕྲུལ་ཇི་ལྟར་བྱས་ཀྱང་ཅུང་ཟད་ཙམ་ཡང་གཡོ་བར་མ་ནུས་པས། ངོ་མཚར་རྨད་དུ་བྱུང་བའི་གནས་སུ་གྱུར་པ་ཡིན་ནོ། ། དེ་ལྟ་བཞུགས་པ་སོ་སོར་གང་འོས་ཀྱི་སྐུའི་རྣམ་འགྱུར་ངོ་མཚར་བ་ལས་ཀྱང་ཆེས་ངོ་མཚར་བའི་མངོན་སུམ་པའི་སྣང་ཚུལ་སྤྱན་གྱི་གཟིགས་པ་སྒྱུར་བ་དང་། གསུང་གི་སྒྲ་དབྱངས་སྩལ་བཞིན་པའི་ཉམས་དང་ལྡན་པ་བྱིན་རླབས་