[B:44b]མ་དང་བཅས་པ། གཞན་ཡང་འཕགས་པ་རིན་པོ་ཆེའི་གསེར་སྐུ་ཧོར་ལྷ་ཕྱག་ནས་མ། ཆོས་རྗེ་བླ་མའི་དར་སྐུ་ཕྱག་ནས་མ། བདག་ཉིད་ཆེན་པོ་ས་པཎ་གྱི་བྲིས་ཐང་མེ་བརྡུགས་མར་གྲགས་པ་སྒྲིལ་ཆས་ཕྱག་དམ་གྱིས་མནན་པ། བུ་སྟོན་རིན་པོ་ཆེའི་དབང་བུམ་དུས་འཁོར་ནས་བཤད་པའི་ཕྱག་ཚད་དང་ལྡན་པའི་བུམ་ཆུའི་རྒྱུན་དང་བཅས་པ་སོགས་ཀྱི་མཆོད་ཆ་[A:145]མང་བ་དང་། རྗེ་བཙུན་ཉིད་ཀྱི་རྒྱུན་གྱི་བཞུགས་གདན་ཆ་ཚང་བ་དང་བཅས་པ། དེའི་མདོ་ན་དཀར་ཕིབས་ཆེན་པོ་ས་སྐྱ་པཎྜི་ཏ་སོགས་ཀྱི་གུང་རིས་ཡོད་པ། ལྷོའི་ཟུར་འཕྱོང་ན་རྡོ་རྗེ་སེམས་དཔའ་ལ་ཡོ་ག་ལ་མཁས་པའི་མི་བདུན་སོགས་རྒྱ་བོད་ཀྱི་བླ་མ་རྣམས་ཀྱིས་བསྐོར་བའི་ལོགས་བྲིས་ཡོད་པ། སྒོ་གཡབ་ཀྱི་སྟེང་ལི་མ་ལྷ་ཁང་ཀ་གཉིས་མ་རྗེ་བཙུན་དམ་པ་ཆོས་ཀྱི་དབྱིངས་སུ་སྙོམས་པར་བཞུགས་པའི་འོག་མིན་གྱི་གནས་ཆེན་དེ་ཉིད་ཀྱི་ཤར་གྱི་དབུས་ན། ཐུབ་དབང་གི་སྐུ་རྡོ་རྗེ་གདན་བྱུང་མས་གཙོས་ལི་མའི་སྐུ་མང་བ་ལྕགས་དྲྭ་དང་བཅས་པ། དེའི་བྱང་ན་བདག་ཉིད་ཆེན་པོ་ས་པཎ། བྲག་ཐོག་ཆོས་རྗེ། སློབ་དཔོན་རིན་པོ་ཆེ་ཡེ་ཤེས་རྒྱ་མཚོ་
གསུམ་གྱི་གསེར་སྐུ་བཞུགས་ཁྲི་སོགས་དང་བཅས་པ།
སློབ་དཔོན་རིན་པོ་ཆེ་ཡེ་ཤེས་རྒྱ་མཚོའི་ཞལ་ཀོའི་གདུང་བཞུགས་པའི་གསེར་ཟངས་ལས་གྲུབ་པའི་བྱང་ཆུབ་མཆོག་རྟེན། གཞན་ཡང་རྡོ་རྗེ་ཕུར་པའི་ཧོར་ལྷ་སོགས་དང་། ཆོས་སྐྱོང་གི་བྲིས་སྐུ་གཏོར་ཚོགས་དང་བཅས་པ། ཕྱིས་གནས་ཆེན་གྱི་ངེས་པ་དེར་རྗེ་བཙུན་གྱི་དར་སྐུ་སྐུ་ཚད་མ།
src: On lha dbang kun dga'
སླར་ཆོས་བཞིན་རྒྱལ་སྲིད་ཀྱི་ཚུལ་འཛིན་ཅིང་། མཐུ་སྟོབས་ཀྱི་གྲུབ་བརྙེས་ཆེན་པོ་རྒྱལ་[A:146]སྲས་ལྷ་དབང་ཀུན་དགའི་གདུང་རུས་ཀྱི་ཟ་མ་ཏོག་དངུལ་ལས་གྲུབ་པའི་རྣམ་རྒྱལ་མཆོད་རྟེན་རྣམས་མཆོད་སྤྲིན་དཔག་མེད་དང་བཅས་ཏེ་བཞུགས་སོ། ། འགྲམ་གཉིས་ན་ཉེར་མཁོའི་ཕྱག་མཛོད་རེ་དང་བཅས་པ་རྣམས་སོ། ། བླ་བྲང་གི་ལྷོ་ངོས་སུ་ཕྱིས་གློ་འབུར་གྱི་ཚུལ་དུ་རུང་ཁང་ཀ་ཆེན་དགུའི་ས་ན་ཁྲོ་ཟངས་སོགས་ཐབ་ཀྱི་ཡོ་བྱད་ཉེར་མཁོ་མ་ཚང་བ་མེད་པས་གང་བ་དང་། དེའི་སྟེང་ན་རྒྱུན་གྱི་གསོལ་ཇ་ཁང་དཀར་ཕིབས་དང་བཅས་པའི་བཀོད་པའོ།
Receptacles of the Buddha's body, speech and mind
།གཞན་ཡང་སྐུ་གསུང་ཐུགས་ཀྱི་རྟེན། ལམ་འབྲས་ཀྱི་བླ་མ་བརྒྱུད་པའི་བྲིས་ཐང་ངོ་མཚར་བ་ཚར་གཉིས་ཀྱིས་གཙོས་པའི། བྲིས་སྐུ་ཆེ་ཆུང་བརྒྱ་ཕྲག་གཅིག་དང་བཞི་བཅུ་རྩ་གྲངས་དང་། བྲིས་སྐུ་རྙིང་མ་