[B:44a]སུ་སྐོང་བའི་ནོར་ལྷའི་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་སེར་ཆེན་རི་དགསདྭགས་ཀྱི་རྒྱལ་པོའི་གདན་ལ་གནས་པ་དང་། ལྷོ་ནས་བྱང་གཟིགས་ལ། ལྷ་དང་བཅས་པའི་འགྲོ་བ་མ་ལུས་པ་དབང་དུ་བསྡུད་ཅིང་། སྒྲུབ་པ་པོའི་འདོད་དགུ་མ་ལུས་སྩོལ་བར་མཛད་པའི་ནོར་[A:143]ལྷ་ཚོགས་བདག་དམར་པོ་ཕྱག་བཅུ་གཉིས་པ་མིག་གི་ཡུལ་དུ་གྱུར་པ་ཙམ་གྱིས་ཡིད་གཡོ་བར་བྱེད་པ། འདི་རྣམས་རྒྱ་བོད་ཀྱི་ས་སྣ་དང་རྒྱུ་ཁྱད་པར་ཅན་ལས་གྲུབ་པ་འབུར་དོད་དུ་བཞུགས་ཤིང་།
རི་མོར་གནས་པ་ལ། གུང་གི་སྟེང་གི་ཆ་ལ་རྗེ་ས་སྐྱ་པ་ཆེན་པོ་དང་རྣལ་འབྱོར་དབང་ཕྱུག་གཉིས། གཞན་ལ་དུར་ཁྲོད་ཀྱི་བཀོད་པ་
དང་། བྱང་ལོགས་ལ་སྟེང་ན་ཕྱག་རྡོར་ཁང་བུ་བརྩེགས་པ་དང་། གནོད་སྦྱིན་རྟ་བདག་བརྒྱད་དང་བཅས་པ། ལྷོ་ངོས་ཀྱི་སྟེང་ལ་བདེ་མཆོག་ལྷན་སྐྱེས། ཚོགས་བདག་དཀར་པོ་དང་། དམར་པོ་ཕྱག་བཞི་པ་རྣམས་བཞུགས་སོ། ། དེ་དག་ན་སོ་སོའི་ཕྱག་རྟེན་རྫས། སྤྱན་གཟིགས། གཏོར་ཚོགས་དང་བཅས་པས་གང་བའོ། ། དེའི་མདོ་ན་ཡང་། རྗེ་བཙུན་བྲག་ཐོག་པ་ནས་ཉེ་བར་བརྒྱུད་པའི་ཡི་དམ། གུར་མགོན། ཞལ་བཞི་ཡོངས་རྫོགས་གསུམ་གྱི་གོས་ཐང་བྱིན་རླབས་ཅན་གྱི་ཐང་སྒམ་ལ་ཕྱག་དམ་འབྱར་བ་དང་། ཡང་གཉན་གྱི་མགོན་པོ་ཡོངས་རྫོགས་ཀྱི་སྐུ་བྲིས་འབུར་གཉིས་པུ་ཏྲ་ལྕམ་སྲིང་ལྔ་དང་། རྗེ་བཙུན་ཉིད་ཀྱི་ཞལ་འབག་ཆེ་ཆུང་ཧེ་རུ་ཀའི་ཆས་དྲུག་སོགས་དང་། དུས་རྒྱུན་ལྡན་གྱི་བཞུགས་གདན། མཆོད་ཅོག་ཚང་མ། རྒྱུད་སྡེ་གོང་འོག་གི་དབང་རྫས་[A:144]རྒྱུ་རིན་པོ་ཆེ་ལ་སོགས་པ་གང་འོས་ལས་གྲུབ་པའི་མ་ཚང་བ་མེད་པ་དང་། གཞན་ཡང་སྟོང་སྐུད་སྣ་ལྔའི་གོས་མདོས་རི་རབ་སོགས་བཟོ་དབྱིབས་ཁྱད་དུ་ཐོན་ཞིང་རིན་པོ་ཆེ་དུ་མས་བསྒྲུབས་པ་དང་བཅས་པ་གསུམ། གཏོར་ཚོགས། སྤྱན་གཟིགས་མདའ་དར་སོགས་ཀྱིས་ཡོངས་སུ་གང་བའོ། ། དེའི་བྱང་ན་བསམ་གཏན་ལ་རྩེ་གཅིག་ཏུ་རོལ་བའི་གཟིམ་ཆུང་མུན་ཁང་བཞུགས་གདན་སོགས་ཆ་ཚང་བ་དང་བཅས་པའོ། ། དེའི་སྟེང་ན་དཀར་ཕིབས་བྱང་མའི་ཤར་ཆོས་སྐྱོང་གི་དབུའི་ཐད་ན་རྗེ་བཙུན་བྲག་ཐོག་པ་ཆེན་པོའི་དར་སྐུ་ཆོས་རྗེ་ཉིད་ཀྱི་སྐུ་མདུན་དུ་བཞེངས་ཤིང་། ཕྱག་ནས་ཀྱང་ལན་མང་དུ་མཛད་པའི་ཆེས་ངོ་མཚར་བའི་བཞུགས་ཁྲི། བཞུགས་གདན། ཙན་དན་གྱི་མཆོད་ཅོག་གསེར་མ། མཆོད་ཆ་ཚང་