[B:46b]ཆེར་ཡང་ཆོས་ལ་གཟུབཟོ,་P་ཟོ་ལུམ་དང་། རང་བཟོ་དང་བརྙེདརྙེད་བཀུར་སྙན་གྲགས་ཀྱི་ཆེད་དུ་ཆོས་ལྟར་བཅོས་པ་མང་བས། གྲུབ་མཐའ་ཡང་དག་པའི་བསྟན་པ་དོན་མེད་དུ་བས་ཤིང་། བསྟན་པ་ལ་འཇུག་པར་བརྩོན་པ་རྣམས་ཀྱང་ལམ་ལོག་པར་ལྷུང་སྟེ། ངལ་བ་དོན་མེད་པར་གྱུརའགྱུར་བ་རྣམས་ལ་ལྷག་པར་ཐུགས་བརྩེ་བའི་སླད་དུ། ཟང་ཟིང་གི་སྦྱིན་པས་གདུལ་བྱ་འཁོར་དུ་བསྡུ་བ་དང་། འཆད་རྩོད་རྩོམ་གསུམ་གྱི་ཆོས་ཀྱི་སྦྱིན་པས་འཁོར་དུ་བསྡུས་པ་རྣམས་སྨིན་ཞིང་གྲོལ་བར་མཛད་ལ།
དེ་ཡང་བཅོམ་ལྡན་འདས་ཐུབ་པའི་དབང་པོ་དང་། དྲུག་པ་རྡོ་རྗེ་འཆང་ཆེན་པོ། ཆོས་སྐུ་ཀུན་ཏུ་བཟང་པོ་ནས་ལེགས་པར་བརྒྱུད་དེ། མདོ་དང་གསང་སྔགས་གསར་རྙིང་གི་ཆོས་ཀྱི་སྒོ་འཕར་རབ་ཏུ་ཡངས་ཤིང་བགྲང་བ་ལས་འདས་པ་རྣམས་གསུང་གི་གསང་[A:153]བ་བསམ་གྱིས་མི་ཁྱབ་པ་དང་། གསུང་ཐམས་ཅད་པའི་རྣམ་པར་འཕྲུལ་པའི་ཚུལ་གྱིས་གདུལ་བྱ་རང་རང་གི་ཁམས་དང་། དབང་པོ་དང་། བསམ་པ་དང་། བག་ལ་ཉལ་དང་རྗེས་སུ་མཐུན་པར་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་བསྐོར་བར་མཛད་ཅིང་། ཁྱད་པར་བསྟན་པའི་སྙིང་པོ་ལས་ཀྱང་ཡང་སྙིང་དུ་གྱུར་པ་གཙོ་བོར་མཛད་དེ། སྐལ་བ་མཆོག་དང་ལྡན་པ་རྣམས་ལ་ཡང་ཇི་ལྟར་
འཚམའཚམས་པར། རྒྱུད་སྡེའི་རིམ་པ་གང་འོས་ཀྱིསཀྱི་དབང་གི་ཆུ་བོ་རྒྱུན་མི་འཆད་པར་ཕབ་ཅིང་། བྱིན་རླབས། རྗེས་གནང་། དེ་དག་སོ་སོའི་གྲོལ་བྱེད་ཀྱི་ལམ་ཆ་ལག་དང་བཅས་པ་ཡོངས་སུ་རྫོགས་པ་འདོམས་པར་མཛད་ལ།
དེ་ཡང་བླ་ན་མེད་པའི་ལམ་སྲོལ་ལ་ནི། ཉམས་སུ་བླངས་པའི་མཐའ། ཉམས་སུ་མྱོང་བའི་མཐའ། བྱིན་གྱིས་བརླབས་པའི་མཐའ། གྲུབ་པའི་མཐའ་སྟེ་གསང་སྔགས་མཐའ་བཞིའི་བདག་ཉིད་ཅན་ཞེས་པ་དང་། ཡང་དབང་གི་ཆུ་བོ་མ་ནུབ་པ། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ། གདམས་ངག་གི་སརྒ
སར་ཀསར་ཀ་མ་ལོག་པ། མོས་གུས་ཀྱི་བསམ་པ་ཚིམ་པ་སྟེ་གསང་སྔགས་སྙན་
བརྒྱུདརྒྱུདརྒྱུད་བཞིས་གདམས་སོ་ཞེས་པ་ལྟར། གོ་རིམསརིམ་ཇི་ལྟ་བ་བཞིན་མ་ནོར་བརབ་འཁྲིད་པར་མཛད་ལ། [A:154]དེ་དག་དང་རྗེས་སུ་འབྲེལ་བའིའདྲེས་པའ྄ི་བཤད་བཀའ། བཀའ་ལུང་། ཕྱག་ལེན་མཐའ་དག་དང་བཅས་པ་སྩོལ་བ་ལ་ནམ་དུ་ཡང་ངལ་བ་མི་མངའ་བས་ན། མདོར་ན་འཆད་པ་ཆུ་བོའི་རྒྱུན་གྱིས་སྤྱིར་བསྟན་པའི་