R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༡༨༨
[A:༡༨༨]རྣལ་འབྱོར་བཅུ་གཅིག །རྫོགས་རིམ་རྩ་དབུ་མ། བདེ་བ་དང་འཇའ་ལུས་སྒྲུབ་པ། ཡབ་དང་ཡུམ་ལ་བརྟེན་པའི་འཕོ་བ། ནང་གི་མཁའ་སྤྱོད་སྒྲུབ་པ་སོགས་ཆ་ལག་ཡོངས་སུ་རྫོགས་པའི་ཁྲིད་དང༌། ཆོས་ཉིད་དངོས་སུ་སྟོན་པའི་བྱིན་རླབས་ཟབ་མོ་དང༌། རྫོགས་རིམ་རྩ་དབུ་མ་ཆེ་བའི་ཁྲིད་དང་བཅས་པ། དེ་དང་འབྲེལ་བའི་ཉེར་མཁོའི་ལུང་ལ། བརྒྱུད་འདེབས་དང་བསྟོད་པ་ངོར་ཆེན་གྱིས་མཛད་པ། ཀུན་མཁྱེན་བསོད་ནམས་སེང་གེས་མཛད་པའི་མཁའ་སྤྱོད་གསང་བའི་སྒོ་འབྱེད། ཚར་ཆེན་གྱིས་མཛད་པའི་བརྒྱུད་འདེབས་དང་སྨོན་ལམ། དཀོན་ལྷུན་གྱིས་མཛད་པའི་སྒྲུབ་ཐབས། བདག་འཇུག་དང་བྱིན་རླབས་བྱ་ཚུལ་ཐར་པཎ་གྱིས་མཛད་པ། གློ་བོ་མཁན་ཆེན་གྱིས་མཛད་པའི་སྨོན་ལམ་དང་བཀྲ་ཤིས། བྱམས་པ་མཆོག་ལེགས་པས་མཛད་པའི་བཀྲ་ཤིས། སངས་ཕུན་གྱིས་མཛད་པའི་ཀུ་སཱ་ལའི་ཚོགས་བསགས་ཀྱི་ངག་འདོན་དང༌། དུར་བདག་ཡབ་ཡུམ་གྱི་གཏོར་ཆོག་བསྡུས་པ། རྨོར་ཆེན་པས་མཛད་པའི་ཚོགས་མཆོད་ཉུང་ངུ་རྣམ་གསལ། ངོར་ཆེན་གྱིས་མཛད་པའི་ཟ་བྱེད་རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་དང་བཅས་པ་རྣམས་གསན། ས་སྐྱ་པའི་གསེར་ཆོས་དམར་པོ་སྐོར་གསུམ་དུ་གྲགས་པའི་དཔལ་ཀྱེ་རྡོ་རྗེ་རྩ་བཤད་ཀྱི་རྒྱུད་ནས་བསྟན་པའི་རིགས་བྱེད་མ་ངོར་ལུགས་ཐུན་མོང་མ་ཡིན་པའི་རྗེས་སུ་གནང་བ་དང༌། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་བསྟན་པའི་ལྷ་ཆེན་ཚོགས་ཀྱི་བདག་པོ་ངོར་ལུགས་ཐུན་མོང་མ་ཡིན་པའི་རྗེས་སུ་གནང་བ་དང༌། ཀྱེ་རྡོ་རྗེའི་རྒྱུད་འབུམ་ཕྲག་ལྔ་པ་སོགས་ནས་བསྟན་པའི་ཁྲོ་བོ་ཀག་ཆོལ་འདོད་པའི་རྒྱལ་པོ་ངོར་ལུགས་ཐུན་མོང་མ་ཡིན་པའི་རྗེས་སུ་གནང་བ་དང༌། རྗེས་གནང་དེ་གསུམ་གྱི་ཡིག་ཆ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ལུང༌། གསེར་ཆོས་ཚེ་དཔག་མེད་སྤྲུལ་སྐུའི་རྗེས་སུ་གནང་བ་དང༌།