R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༠༣
[A:༢༠༣]མ། ཁྱུང་གི་ལས་མཐའ་གཤེད་སྐོར་ཟབ་མོ་བཅས་གཟུངས་པས་མཛད་པ། ཀླུ་དང་གཟའ་རིགས་སྲུང་བའི་མན་ངག་དུས་འཁོར་ལུགས། ཆུའི་བླང་དོར་ཚིགས་བཅད་མ། གཟའ་མདོས་ཀྱི་ཆོ་ག་འབྲིང་པོ། དུག་བཅོས་པའི་མན་ངག་བཻ་ཌཱུརྻའི་ཕྲེང་བ་གཟུངས་པས་མཛད་པ། དུག་སྲུང་ཉུང་ངུ༌། འཕགས་པས་མཛད་པའི་ཁྱུང་ཁྲའི་ལས་ཚོགས་དྲུག་པ་ཉེར་མཁོ་མདོར་བསྡུས། གཟུངས་པས་མཛད་པའི་ཁྱུང་ཁྲའི་ལས་མཐའ་བརྒྱད་པ། དྲེག་བཅོས་པའི་མན་ངག་དཔལ་གྱི་མཚན་ཅན་གྱིས་མཛད་པ། མཛེ་གསོ་བ། ཐོག་སྲུང་བའི་ལས་ཚོགས་འཕགས་པས་མཛད་པ། གེགས་སེལ་གཟེར་ལྔ་གཟུངས་པས་མཛད་པ། དམུ་ཆུ་སྦྱོང་བའི་མན་ངག །སེར་བ་སྲུང་བའི་ལས་མཐའ། ཡང་སེར་བ་སྲུང་བའི་མན་ངག །ལོ་ཆོག་དང་ལོ་ཕུད་ཀྱི་ཕྱག་ལེན། ཁ་བ་བསྲུང་བའི་ཐོ་འཛུགས་ཐབས། ཁྱུང་ཁྲའི་སྦྱིན་སྲེག །རྗེས་གནང༌། བསྟོད་པ་རྣམས་འཕགས་པས་མཛད་པ། སྒྲུབ་ཐབས་ཨཱ་ནནྡ་མ་ཏི་བྷ་དྲས་མཛད་པ། བྱམས་པ་ངག་དབང་དཔལ་བཟང་གིས་མཛད་པའི་མངོན་རྟོགས། གཟུངས་པས་མཛད་པའི་སྒྲུབ་ཐབས་ལ་འདོན་འཇུག་ཅུང་ཟད་ཁ་བསྐངས་པ། བྱིན་རླབས་ཀྱི་ཟུར་འདེབས་བྱམས་པ་ངག་དབང་དཔལ་བཟང་གིས་མཛད་པ་རྣམས་དང༌། ཨཱ་ཙཱརྻ་དམར་པོ་ནས་བརྒྱུད་པའི་ཁྱུང་ནག་གི་སྐོར་ལ། མཁའ་ལྡིང་གསེར་མིག་འཁྱིལ་པ་འབྱུང་པོ་འུར་འདེད་ཀྱི་མན་ངག་ཅེས་བྱ་བའི་ནང་གསེས་སུ། བསྙེན་པ། སྒྲུབ་པ། ལས་སྦྱོར་ལ་ཁྱད་པར་གྱི་ལས་སྦྱོར། སེར་བ་དང་ཆར་གཅོད་པ། མིད་འབྱར་འཆོས་པ། དུག་སྲུང་བ། དུག་གི་འདྲེད། སྲིའུ་གསོ་བ། གདོན་བགེགས་སྐྲོད་པ། སྨྱོ་བ་འདུལ་བ། འབྱུང་ལྔའི་དྭངས་མ་བཅུད་ལེན་ཏེ་བརྒྱད། སྤྱི་འགྲོའི་ལས་སྦྱོར་དང་བཅས་པ་རྣམས་དང༌། རྗེ་བཙུན་ས་སྐྱ་པ་རྣམས་ཤིན་ཏུ་ཐུགས་གཙིས་ཆེ་བའི་ནོར་གྱི་ལྷ་མོ་དབྱུ་གུ་མཆེད་གསུམ་གྱི་སྐོར་ལ། འཕགས་པ་ཀླུ་སྒྲུབ་