[A:༢༠༤]ཀྱིས་གནོད་སྦྱིན་མོ་ཀུན་འཁྱིལ་གྱི་རྟོག་པ་ནས་ཕྱུང་བའི་སྒྲུབ་ཐབས་བ་རི་བས་བསྒྱུར་བ། རྡོ་རྗེ་གདན་པས་མཛད་པའི་གནོད་སྦྱིན་མོ་ཀུན་ནས་འཁྱིལ་པའི་དོན་བསྡུས་ཀྱི་འགྲེལ་པ་བ་རིའི་འགྱུར་ལ་པ་ཚབ་ཀྱི་འགྱུར་བཅོས་དང་བཅས་པ། དེའི་སྙིང་པོ་ས་པཎ་གྱིས་མཛད་པ། བ་རི་བ་བོད་དུ་འབྱོན་ཁར་རྡོ་རྗེ་གདན་པས་སྐྱེལ་ཐུང་མཛད་ནས་གནང་བའི་ཐུགས་དམ་མཁའ་འགྲོ་མའི་དངོས་གྲུབ་ལག་བཅང༌། དབྱུ་གུ་སྤུན་གསུམ་གྱི་མངོན་རྟོགས། གཏོར་མ་གཏོང་ཐབས། རྟེན་བཅའ་ཐབས། མཁའ་འགྲོ་མའི་ལག་བཅང་འདྲ་མིན་གཅིག །སྒྲུབ་པ་བྱ་ཐབས། ཆང་བུ་བསྔོ་ལུགས། ཚིགས་བཅད་མཁའ་འགྲོ་ཆེན་མོ་ཞེས་པར་བརྒྱུད་པའི་ལོ་རྒྱུས། རྟེན་བཅའ་ཐབས། བསྙེན་སྒྲུབ་ལས་སྦྱོར་བཅས་སྟོན་པ། ཞར་བྱུང་རབ་གནས་བྱ་ཐབས་དང་བླ་རྡོ་བཅང་བའི་མན་ངག །ཡང་མན་ངག་བླ་རྡོ་བཅང་ཐབས་དང་བཅས་པ་རྒྱས་པར་བསྟན་པ། འཇམ་མགོན་ཨ་མེས་ཞབས་ཀྱིས་མཛད་པའི་སྒྲུབ་ཐབས་བསམ་དོན་ཀུན་འགྲུབ་དང༌། ཙཀྲ་ལ་བརྟེན་པའི་དབང་སྡུད་ཟབ་མོའི་ལག་ལེན་བསམ་འཕེལ་ནོར་བུ། སྒྲུབ་ཐབས་སིདྡྷི་ཕ་ལའི་བང་མཛོད་བྱམས་པ་ངག་དབང་ལྷུན་གྲུབ་ཀྱིས་མཛད་པ་རྣམས་དང༌། ས་སྐྱ་པའི་གསེར་ཆོས་ཛཾ་དམར་སྲོག་སྒྲུབ་ཀྱི་སྐོར་ལ། སྲོག་སྒྲུབ་ཀྱི་གདམས་པ་ས་ཆེན་གྱིས་མཛད་པ་ལ་ནང་གསེས་སུ་རྟེན་བཅའ་བ། བསྙེན་སྒྲུབ། ལས་ལ་བསྐུལ་བ་དང་བཅས་པ། གསང་སྒྲུབ་ཐུན་མོང་མ་ཡིན་པ། ལུང་བླང་བའི་མན་ངག །གོང་དཀར་རྡོ་རྗེ་གདན་པས་མཛད་པའི་རྗཻས་གནང་གི་ཡིག་ཆུང་རྣམས་དང༌། སྙེ་མོ་གཏེར་སྟོན་རྒྱ་གོང་རི་བ་སངས་རྒྱས་དབང་ཆེན་གྱིས་གཏེར་ནས་སྤྱན་དྲངས་ཤིང་དབོན་སྟོན་སྐྱེར་སྒང་པ་ཆོས་ཀྱི་སེང་གེ་ལ་བཀའ་བབས་པའི་རྟ་མགྲིན་གསང་སྒྲུབ་ཀྱི་སྐོར་ལ། རྟ་མགྲིན་གསང་སྒྲུབ་ཀྱི་མངོན་རྟོགས་གཏེར་གཞུང་བདེ་གཤེགས་རྒྱལ་བ་རྒྱ་མཚོའི་ཐུགས་ཀྱི་བཅུད་ཐིག་ཅེས་བྱ་བའི་ནང་གསེས་སུ། བསྒོམ་རིམ་བསྡུས་པ། ཛཔྲ་དམིགས་