R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༣༦༦
[A:༣༦༦]མ་ཡིན་པ་སྔགས་འཆང་ཀུན་དགའ་རིན་ཆེན་གྱིས་མཛད་པ་རྣམས་ཀྱི་ལུང༌། ཚེ་དཔག་མེད་འཆི་མེད་རྔ་སྒྲ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། དེའི་ཡིག་ཆ་ཐར་པཎ་གྱིས་མཛད་པ། དེའི་ལྷན་ཐབས་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ་རྣམས་ཀྱི་ལུང༌། གྲུབ་ཆེན་མི་ཏྲ་ཛོ་ཀིའི་ལུགས་ཀྱི་ཚེ་དཔག་མེད་དཀར་པོའི་རྗེས་སུ་གནང་བ་དང༌། དེའི་ཡིག་ཆ་དཀོན་མཆོག་ལྷུན་གྲུབ་དང་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པ། ཁྲོ་ཕུ་ལོ་ཙཱ་བས་མཛད་པའི་འཆི་བ་སླུ་བའི་མན་ངག །ཞུ་ཆེན་གྱིས་མཛད་པའི་ཁ་འབར་མ་དཀར་མོའི་འཆི་སླུ་དང་བཅས་པ་རྣམས་ཀྱི་ལུང་དང༌། པདྨའི་རིགས་ཀྱི་བདག་པོ་འཕགས་པ་བཅུ་གཅིག་ཞལ་གཙོ་རྐྱང་གི་རྗེས་སུ་གནང་བ་དང༌། དེའི་ཡིག་ཆ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ། སྨྱུང་གནས་ཀྱི་ཆོ་ག་ཞུ་ཆེན་གྱིས་མཛད་པ་བཅས་ཀྱི་ལུང་དང༌། སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པའི་རྗེས་སུ་གནང་བ་དང༌། དེའི་ཡིག་ཆ་ཐར་པཎ་གྱིས་མཛད་པ། ལས་ཁ་ཚར་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ། ཐུགས་རྗེ་ཆེན་པོ་དང་ཕྱག་རྒྱ་ཆེན་པོ་ཟུང་འཇུག་ཏུ་ཉམས་སུ་ལེན་ཚུལ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ་རྣམས་ཀྱི་ལུང་དང༌། འཕགས་པ་སེང་གེ་སྒྲའི་རྗེས་སུ་གནང་བ་དང༌། དེའི་ཡིག་ཆ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ། གདོན་འགྲོལ་གྱི་ཆོ་ག་ཐར་པཎ་དང༌། སྔགས་འཆང་ཀུན་དགའ་བསོད་ནམས་ཀྱིས་མཛད་པ། སེང་གེ་སྒྲའི་ཆར་འབེབས་འདམ་ཐོག་བསྟན་འཛིན་རྡོ་རྗེས་མཛད་པ་རྣམས་ཀྱི་ལུང༌། པདྨའི་རིགས་ཀྱི་ཡུམ་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྗེས་སུ་གནང་བ་དང༌། ཚར་ཆེན་གྱིས་མཛད་པའི་ཚེ་ཁྲིད་ཟླ་བའི་ཆུ་རྒྱུན་དང༌། དེའི་ལྷན་ཐབས་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པའི་ཡིག་ཆ་བཅས་ཀྱི་སྟེང་ནས་ཉམས་ཁྲིད་ཟབ་མོ་ཡོངས་སུ་རྫོགས་པ་དང༌། སྒྲོལ་དཀར་སྒྲུབ་ཐབས་སློབ་དཔོན་ངག་གི་དབང་