R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༣༦༧
[A:༣༦༧]ཕྱུག་གྲགས་པས་མཛད་པའི་འཆི་བདག་སླུ་བའི་རྟོག་པ་ནས་ཕྱུང་བ་པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ལོ་ཙཱ་བ་བ་རིའི་འགྱུར། སྒྲོལ་དཀར་སྒྲུབ་ཐབས། གཏོར་མ། བུམ་ཆོག། སྲུང་འཁོར་བཅས་ཀྱི་ཡི་གེ །བྲིས་པའི་སྲུང་འཁོར་གྱི་ཡི་གེ །བར་ཆད་ཞི་བར་བྱེད་པ། ལྟས་ངན་གཡང་དུ་བླང་བའི་མན་ངག །ངག་གི་བྱད་འགྲོལ་གྱི་ཡི་གེ་སློབ་དཔོན་པདྨ་ནག་པོས་མཛད་པ། སྒྲོལ་མའི་སྤྲུལ་པ་ཅེ་སྤྱང་སྔོན་མོའི་སྲུང་བ། ཅེ་སྤྱང་སྔོན་མོའི་ལམ་སྲུང་གི་གསལ་བྱེད། རྗེས་གནང་གི་སྐབས་སུ་ཉེ་བར་མཁོ་བའི་ལོ་རྒྱུས་མཛད་བྱང་མེད་པ། རྗེ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་སྒྲུབ་ཐབས་རྗེས་གནང་བསྟོད་པ་དང་བཅས་པ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པའི་སྒྲོལ་དཀར་རྗེས་གནང་དང༌། དེའི་དམིགས་རིམ་སྐྱབས་ཡུལ་ཞིང་ཁམས་མ། སྦྱིན་སྲེག་བཀླགས་ཆོག་ཏུ་བཀོད་པ། དབང་ཕྱུག་རབ་བརྟན་གྱིས་མཛད་པའི་སྒྲུབ་ཐབས་དང༌། སྒྲོལ་དཀར་སྦྱིན་སྲེག་མཁས་གྲུབ་སངས་རྒྱས་ཕུན་ཚོགས་པས་མཛད་པ་དང་བཅས་པ་རྣམས་ཀྱི་ལུང༌། ཇོ་བོ་ནས་བརྒྱུད་པའི་སྒྲོལ་མ་ཉི་ཤུ་རྩ་གཅིག་གི་རྗེས་སུ་གནང་བ་དང༌། སྒྲོལ་མའི་ཕྱག་འཚལ་ཉེར་གཅིག་གི་སྒྲུབ་ཐབས་ཡིག་རྙིང་དང༌། དེའི་རྗེས་གནང་གི་ཆིངས་མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པ། སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པའི་སྒྲོལ་མ་མཎྜལ་བཞི་ཆོག་དང་བཅས་པའི་ལུང༌། བླ་མེད་དུ་གཏོགས་ཀྱང་འདིར་མཚན་བརྒྱ་རྩ་བརྒྱད་ཀྱི་ལུང་བླང་དགོས་པ་དང་སྡེ་ཚན་གཅིག་པའི་ཕྱིར་བྱ་རྒྱུད་དུ་བཞག་པ་གཉན་སྒྲོལ་ཡན་ལག་དྲུག་པའི་རྗེས་སུ་གནང་བ་དང༌། དེའི་ཡིག་ཆ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ། སྒྲོལ་མའི་མན་ངག་རྨི་ལམ་བརྟག་ཐབས་ཤིན་ཏུ་ཟབ་པ་ལྷ་མོ་ཤྲ་མ་ཎའི་སྒྲུབ་ཐབས་ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་དང༌། ས་ཆེན་ཀུན་དགའ་བློ་གྲོས་ཀྱིས་མཛད་པ་བཅས་ཀྱི་ལུང༌། པདྨའི་རིགས་ཀྱི་ཁྲོ་བོ་རྟ་མགྲིན་ལྕགས་རལ་ཅན་ཟླ་རྒྱལ་