[A:༣༨༠]གནང་བ་དང༌། དེའི་ཡིག་ཆ་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ལུང༌། གཏེར་ཁ་འོག་མ་གུ་རུ་ཆོས་དབང་གི་གཏེར་བྱོན་ཕྱག་རྡོར་གཏུམ་པོ་ཁྱུང་ལྔའི་རྗེས་སུ་གནང་བ་དང༌། དེའི་ཡིག་ཆ་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པའི་ལུང༌། པདྨ་ལས་འབྲེལ་རྩལ་གྱི་གཏེར་བྱོན་ཕྱག་རྡོར་དྲེགས་འདུལ་གྱི་རྗེས་སུ་གནང་བ་དང༌། དེའི་སྒྲུབ་ཐབས་སྨིན་གླིང་གཏེར་ཆེན་གྱིས་མཛད་པ་འདོད་བུམ་ལས་བྱུང་བའི་ལུང༌། རྡོ་རྗེ་ནམ་མཁའ་ལྡིང་ཁྱུང་དམར་གྱི་རྗེས་སུ་གནང་བ་དང༌། དེའི་ཡིག་རྙིང་གི་ལུང༌། གྲྭ་མངོན་དབང་ཕྱུག་འབར་གྱི་གཏེར་བྱོན་ཛམྦྷ་ལ་དམར་པོ་ཞལ་གསུམ་ཕྱག་དྲུག་པའི་རྗེས་གནང་ཆུ་སྦྱིན་དང་བཅས་པ་དང༌། དེའི་ཡིག་ཆ་སྔགས་འཆང་ཀུན་དགའ་རིན་ཆེན་གྱིས་མཛད་པ། དགེ་བའི་བཤེས་གཉེན་ཉང་སྟོན་སྒྲུབ་པ་པོའི་གཏེར་བྱོན་ཐུགས་རྗེ་ཆེན་པོའི་མིག་འབྱེད་ཀྱི་གདམས་པ་དང༌། དེའི་གསལ་བྱེད་སྔགས་འཆང་བཀྲ་ཤིས་སྟོབས་རྒྱལ་གྱིས་མཛད་པ། གཏེར་སྟོན་བཟང་པོ་གྲགས་པའི་གཏེར་བྱོན་གསོལ་འདེབས་ལེའུ་བདུན་མ་དང༌། བ་མཁལ་སྨུག་པོའི་གཏེར་བྱོན་གསོལ་འདེབས་བར་ཆད་ལམ་སེལ་རྣམས་ཀྱི་ལུང༌། གནུབས་ལུགས་ཀྱི་སྲུང་མ་ལེགས་ལྡན་སྟག་གཞོན་ནག་པོ་འཁོར་བཅས་ཀྱི་རྗེས་སུ་གནང་བ་དང༌། དེའི་གཏོར་ཆོག་དང་རྗེས་གནང་ཐར་པཎ་གྱིས་མཛད་པ། སྐོང་བ་སངས་རྒྱས་ཕུན་ཚོགས་པས་མཛད་པ་བཅས་དང༌། གཞན་ཡང་ས་པཎྜི་ཏ་ཆེན་པོས་མཛད་པའི་སྡོམ་གསུམ་རབ་དབྱེ། ལམ་འབྲས་ཀྱི་ཕྱི་ནང་གསང་གསུམ་གྱི་མཎྜལ་དང༌། སྣང་བ་མཐའ་ཡས་ཀྱི་བསྒོམ་དོན། འཆི་ཁ་མའི་གདམས་ངག །ཡན་ལག་བདུན་པ་རྣམས་དང༌། པཎ་ཆེན་ཤཱཀྱ་ཤྲཱིས་མཛད་པར་གྲགས་པའི་གནས་བརྟན་ཕྱག་མཆོད། བྱང་པ་རིགས་ལྡན་པས་མཛད་པའི་ཆོ་འཕྲུལ་སྨོན་ལམ། དཀོན་མཆོག་ལྷུན་གྲུབ་པས་མཛད་པའི་ཡས་